R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 106
[A:106]ཀཱ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང༌། ཤངས་ཀྱི་སུམ་སྟོན་ཡེ་འབར། གཡག་སྡེའི་གཉན་སྟོན་ཚུལ་འབར། ཐོད་པ་དབེན་ཚ་གྲགས། དགེ་བཤེས་ཇོ་ཕུར། ཐོད་པ་འོད་ཟེར། རོང་པ་ཆོས་མགོན། ལྕེ་བློ་ལྡན་སེང་གེ །འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ། ༈ གཉིས་པ་ལ་དེ་ཉིད་བསྡུས་པའི་ཆ་མཐུན་པའི་རྒྱུད་དཔལ་མཆོག་དང་པོ་ཞེས་བྱ་བ་ལ་སོགས་པའི་རྒྱུད་ལས། སློབ་དཔོན་ཀུན་སྙིང་དཀྱིལ་འཁོར་བརྒྱ་བཅུ་རྩ་བཞིར་བཞེད། སློབ་དཔོན་པདྨ་བཛྲ་བདུན་ཅུ་རྩ་བརྒྱད་དུ་བཞེད་པ་ལས། དཔལ་མཆོག་རིགས་བསྡུས་སློབ་དཔོན་ཡེ་ཤེས་རྒྱ་མཚོའི་ངག་འདོན་དང་ལྷན་ཐབས། ཀུན་མཁྱེན་བུའི་དཀྱིལ་ཆོག་དོན་ཡོད་པའི་དམ་ཚིག་གི་དཀྱིལ་འཁོར་འབྱུང་བ་ནས། གཞི་དཀྱིལ་སྒོ་ཉིས་སྦྲག་ལ་སྒོ་བསྲུངས་འཁོར་ལོས་བསྒྱུར་བ་བརྒྱད། ནང་དཀྱིལ་དབུས་མར་རྡོ་རྗེ་སེམས་དཔའ་ལྷ་སོ་གསུམ། འཇིག་རྟེན་པ་ཞེ་བཞི། ཤར་མར་ཧཱུྃ་མཛད་ལྷ་དགུ། འཇིག་རྟེན་པ་ཞེ་གཉིས། མཚམས་མ་བཞི། མཚན་མ་བཞི་ཡང་ངོ༌། །ལྷོ་མར་ནམ་སྙིང་ལྷ་དགུ། མཚན་མ་བརྒྱད། ནུབ་མར་སྤྱན་རས་གཟིགས་ལྷ་
འདི་ལྷ་བཅུ་གསུམ་དང་མཚན་མ་བཞི་ཐང་
བཅུ་བདུན། བྱང་མར་རྡོ་རྗེ་ཁུ་ཚུར་ལྷ་བདུན། ཤར་ལྷོར་འཇམ་དཔལ་ལྷ་དགུ་མཚན་མ་བརྒྱད། ལྷོ་ནུབ་ནམ་མཁའ་མཛོད་ལྷ་བཅུ་གསུམ་མཚན་མ་བཞི། ནུབ་བྱང་རྡོ་རྗེ་འཁོར་ལོ་ལྷ་བཅུ་གསུམ། དེའི་གྲྭ་བཞིར་ཡང༌། ཤར་ལྷོར་ཞི་མདུང༌། ལྷོ་ནུབ་མིང་པོ། ནུབ་བྱང་སྲིང་མོ། བྱང་ཤར་ནག་ཆེན་རྣམས། ལྷ་གྲངས་གཞི་དཀྱིལ་གྱི་འཇིག་རྟེན་པ་ལྟ་བུ། བྱང་ཤར་གནོད་སྦྱིན་ལྷ་དགུ་མཚན་མ་བཅུ་གཉིས། གཞི་དཀྱིལ་ཕྱི་མའི་གྲྭ་བཞིའི་ལྷོར་ཞི་མདུང་གི་དཀྱིལ་འཁོར་དུ། དབང་ཕྱུག་ཆེན་པོ་ལྷ་སུམ་ཅུ་ཡི་གེ་དང་བཅས་པ། ལྷོ་ནུབ་མ་མོའི་དཀྱིལ་འཁོར་ལྷ་བཅུ་