R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 117
[A:117]དཔལ། བླ་མ་དཀོན་མཆོག་རྡོ་རྗེ། རིན་པོ་ཆེ་དོན་གྲུབ་དཔལ། རྔོག་སྟོན་བྱང་ཆུབ་དཔལ་བཟང༌། ཐམས་ཅད་མཁྱེན་པ་ཆེན་པོའོ། །ཡང་ན། ཛི་ནཱ་པཱ་རི་མི་ཏཱ་ཡུཿ གརྦྷ་པཱ་དཱ། ཛེ་ཏཱ་རི་པ། པུ་ཛྙཱ་ན། དྷྱ་ན་པྲཛྙཱཿ པདྨ་ཤྲཱིཿ རྭ་ག་བཛྲཿ ག་ཛ་གྷོ་ཥཿ ཨཱ་ནནྟ་པཱ་དཿ བཱ་དི་རཱ་ཊ། ཛི་ན་བྷ་ཏྲ། བཱ་གཱི་ཤྭ་རཿ བི་ཛ་ཀཱིརྟི། ཤྲདྡྷ་ཙཱ་རི། རཏྣ་སཱ་ག་རཿ རཏྣ་མ་ཏིཿ དཱི་པངྐ་རཿ རཱ་ཧུ་ལ་བྷ་དྲཿ དྷརྨ་ཤྲཱིཿ ཛྙཱ་ན་སཱ་ག་རཿ ཤྲཱི་དྷརྨ་རཱ་ཛ། ཤྲཱི་བ་ན་རཏྣཿ མཧཱ་སརྦ་ཛྙཱཿ ཨཱ་ནནྟ་བི་ཛ་ཡ། གུ་རུ་བི་ཛ་ཡ་རཏྣ། མཉྫུ་གྷོ་ཥ་བོ་དྷིནྡྲ་ར་ཛཱ། དེ་གཉིས་ཀར། མཧཱ་གུ་རུ་ཤཱཀྱ་ཨཱ་ནནྟ། དྷརྨ་སྭ་མི་ཤྭ་ར་དྷྭ་ཛཿ བཛྲ་དྷ་ར་ཤཱི་ལ་མངྒ་ལ་པཱའ་ད། ཀརྨཱ་བི་ཛ་ཡའོ། །ཡང༌། མགོན་པོ་ཚེ་དཔག་མེད། སློབ་དཔོན་སྙིང་པོའི་ཞབས། གྲུབ་ཆེན་ཛེ་ཏཱ་རི། སློབ་དཔོན་བྱང་ཆུབ་བཟང་པོ། སློབ་དཔོན་ཏིང་འཛིན་བཟང་པོ། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ། ཆུང་བ་ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། བརྩེ་ཆེན་སྙིང་པོའི་ཞབས། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། པཎ་ཆེན་ཀུན་དགའ་རྒྱལ་མཚན། ཤར་པ་རྡོ་རྗེ་འོད་ཟེར། བླ་མ་བཀྲ་ཤིས་འོད། ཨེ་པ་འཁོན་སྟོན་ཐུགས་རྗེ་རིན་ཆེན། འཇམ་དབྱངས་ཆེན་པོ་རིན་ཆེན་རྒྱལ་མཚན། བྱང་སེམས་རྒྱལ་བ་ཡེ་ཤེས། སྤང་ཁང་པ་གྲགས་པ་དཔལ། སྤྲོ་ལུང་པ་ཀུན་དགའ་སྨོན་ལམ། རྒྱལ་བ་བྲག་ཕུག་པ། དེ་ལ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་བྲག་ཕུག་པ་ཆུང་བ་བློ་གྲོས་བརྟན་པ་གཉིས་ཀྱིས་གསན། གཉིས་ཀ་ནས་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ཁྱབ་བདག་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །ཡོངས་འཛིན་དཀོན་མཆོག་འཕེལ། རྗེ་ལྷ་མཆོག་སེང་གེ །རྗེ་སངས་རྒྱས་སེང་གེ །ཐར་རྩེ་ནམ་མཁའ་