R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 134
[A:134]ཤེས་རབ་ཡོན་ཏན་གཏེར། །ཉེས་རྡུལ་དྲི་མེད་ཚུལ་ཁྲིམས་རྒྱལ་པོའི་ཞབས། མཆོག་ཏུ་མི་འགྱུར་རྡོ་རྗེ་གཙུག་ཏོར་
གཙུག་ཏོར་ཤེས་རབ་ཀྱང་ཟེར་
མཚན། །གདམས་པའི་མཛོད་མང་འཛིན་པའི་དགེ་སྐྱབས་དང༌། །ཆོས་ཀུན་དེ་ཉིད་གཟིགས་པའི་དགེ་མཐོང་དཔལ། །བྲག་ལ་ཕུར་པའི་ཞལ་གཟིགས་བལ་པོའི་མཚན། །སྔ་འགྱུར་མངའ་བདག་ཤཱཀྱ་བློ་གྲོས་ཆེ། །འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཕ་རོལ་སོན། །འཁོན་སྟོན་འཁོར་བསྒྱུར་དཀོན་མཆོག་རྒྱལ་པོར་གྲགས། །འཇམ་པའི་རྡོ་རྗེ་ཀུན་དགའ་སྙིང་པོའི་ཞབས། །འཇའ་ལུས་མངོན་གྱུར་སློབ་དཔོན་བསོད་ནམས་རྩེ། །རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་དཔལ། །གཞན་ལ་བརྩེ་བའི་ཐུགས་མངའ་དཔལ་ཆེན་འོད། །བསྟན་པའི་བདག་པོ་ཀུན་དགའ་རྒྱལ་མཚན་ཞབས། །འདྲེན་མཆོག་དམ་པ་བསོད་ནམས་རྒྱལ་མཚན་དཔལ། །འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་བསྒྲེངས། །འཁྲུལ་མེད་གདམས་པའི་མཛོད་འཛིན་འོད་ལྡན་དཔལ། །བདུད་དཔུང་ཚར་གཅོད་ཀུན་དགའ་རྡོ་རྗེ་འཛིན། །འཇིག་རྟེན་མིག་མཁན་ལེགས་པའི་བློ་གྲོས་ཅན། །ཀུན་དགའ་བསོད་ནམས་ཡེ་ཤེས་རྫོགས་པའི་གཙོ། །ཕྱོགས་ལས་རྣམ་རྒྱལ་རིན་ཆེན་རྒྱལ་མཚན་འཆང༌། །ཞི་འཚོའི་རྣམ་འཕྲུལ་བསོད་ནམས་རྒྱལ་མཚན་ཞབས། །བླ་ཆེན་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། །བཀའ་དྲིན་མཉམ་མེད་ཐེག་ཆེན་ཆོས་རྒྱལ་ཞབས། །སྦས་པའི་རྣལ་འབྱོར་ནམ་མཁའ་རྒྱལ་མཚན་རྗེ། །བདག་ཆེན་རྒྱ་གར་ཤེས་རབ་རྒྱལ་མཚན་ཞབས། །
བླ་མ་དཔལ་ལྡན་ཚུལ་ཁྲིམས། ངོར་ཆེན་ཀུན་དགའ་བཟང་པོ། མངའ་རིས་གྲགས་པ་རྒྱལ་མཚན། རྗེ་བཙུན་ལེགས་པའི་འབྱུང་གནས། འཇམ་དབྱངས་ནམ་མཁའ་བཀྲ་ཤིས། འཇམ་མགོན་བསོད་ནམས་རིན་ཆེན། ས་ཆེན་ཀུན་དགའ་བློ་གྲོས། ཡབ་རྗེ་དབང་འདུས་སྙིང་པོ། སྔགས་སྨྱོན་བདུད་འདུལ་དབང་ཕྱུག །ངག་དབང་ཀུན་དགའ་རིན་ཆེན། འཇམ་མགོན་ཀུན་དགའ་རྒྱལ་མཚན། རྡོ་རྗེ་གཞོན་ནུ་དང་ཞལ་མི་གཉིས་པ་སྔགས་འཆང་བཀྲ་ཤིས་རིན་ཆེན། དེ་སྲས་སྐྱབས་གནས་ཀུན་འདུས་ཉི་ཟླའི་མཚན་ཅན་གྱིས། བདག་ངག་མིང་ལའོ། །
འཇམ་པའི་རྡོ་རྗེ་སྐད་གཉིས་སྨྲ་བའི་གཙོ། །སྔགས་འཆང་ཆེན་པོ་ཀུན་དགའ་རིན་ཆེན་ཞབས། །ངུར་སྨྲིག་འཛིན་པ་བསོད་ནམས་དབང་པོ་དང༌། །སྙན་པའི་དབྱར་རྔ་གྲགས་པ་བློ་གྲོས་རྗེ། །
འཇམ་དབྱངས་མཐུ་སྟོབས་དབང་ཕྱུག །སྐུ་འབྲིང་ཀུན་དགའ་དབང་རྒྱལ།
རྡོ་རྗེ་འཆང་དངོས་ཀུན་དགའ་བསོད་ནམས་གཏེར། །
འཇམ་དབྱངས་བསོད་ནམས་དབང་ཕྱུག
དཀོན་མཆོག་