R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 137
[A:137]བྱམས་པ་བསོད་ནམས་ཕུན་ཚོགས། དེས་བདག་གོ ༈ །ཚེ་དབང་མདའ་འཕེལ་ལ་ལྷ་བཅུ་བདུན་གྱི་རྡུལ་ཚོན་དཀྱིལ་འཁོར་དུ་སློབ་དཔོན་ཆེན་པོ་པདྨའི་གསུང་རབ་ལ་ཕྱག་ལེན་གྱི་མཆན་བུ་ཡོད་པའི་སྟེང་ནས་དབང་ཐོབ་པའི་བརྒྱུད་པ་ནི། མི་འགྱུར་བདེ་བ་ཆེན་པོའི་གཞལ་ཡས་ནས། །མགོན་པོ་ཚེ་དཔག་མེད་ལ་གསོལ་བ་འདེབས། །མི་ཤིགས་ཐིག་ལེ་ཆེན་པོ་ཚེ་ཡི་མཆོག །རྟག་བརྟན་གཡུང་དྲུང་དངོས་གྲུབ་སྩལ་དུ་གསོལ། །སྐྱེ་འཆི་གཉིས་སྤངས་མཆོག་གི་དངོས་གྲུབ་བརྙེས། །སློབ་དཔོན་པདྨའི་ཞབས་ལ་གསོལ་བ་འདེབས། །མི་ཤིགས༴ རྟག་བརྟན༴ མཁའ་འགྲོས་དངོས་སུ་བྱིན་བརླབས་བདེ་སྟོང་ངང༌། །རས་ཆེན་དཔལ་འབྱོར་བཟང་པོ་ལ༴ མི་ཤིགས༴ རྟག་བརྟན༴ སྲིད་ཞིའི་རྒུད་པ་དྲུངས་ནས་འབྱིན་མཛད་པའི། །རྣམ་མགོན་དྲི་མེད་སྡེ་ལ༴ མི་ཤིགས༴ རྟག་བརྟན༴ སྙན་བརྒྱུད་གདམས་པས་ཚོགས་གཉིས་ཡོངས་སུ་རྫོགས། །འཇམ་དབྱངས་བྱང་ཆུབ་དབང་རྒྱལ་ལ༴ མི་ཤིགས༴ རྟག་བརྟན༴ དབྱིངས་དང་ཡེ་ཤེས་དབྱེར་མེད་ཕྱག་རྒྱ་ཆེ། །ཡོངས་འཛིན་ཤཱཀྱ་ཀུན་དགའ་ལ༴ མི་ཤིགས༴ རྟག་བརྟན༴ ཉིན་མཚན་དུས་དྲུག་འགྲོ་ལ་ཐུགས་རྗེས་གཟིགས། །མཁན་ཆེན་བྱམས་པ་བཟང་པོ་ལ༴ མི་ཤིགས༴ རྟག་བརྟན༴ མཁའ་མཉམ་འགྲོ་བའི་མ་རིག་མུན་པ་སེལ། །ཀུན་བཟང་ཆོས་ཀྱི་ཉི་མ་ལ༴ མི་ཤིགས༴ རྟག་བརྟན༴ བྱིན་བརླབས་ཆར་འབེབས་གསལ་སྟོང་གློག་ཕྲེང་འཁྱུག །ནམ་མཁའ་འབྲུག་སྒྲ་བཟང་པོ་ལ༴ མི་ཤིགས༴ རྟག་བརྟན༴ མཁྱེན་བརྩེ་ནུས་པས་སྒྲིབ་གཉིས་གཡུལ་ལས་རྒྱལ། །བྱམས་པ་ཤཱཀྱ་རྡོ་རྗེ་ལ༴ མི་ཤིགས༴ རྟག་བརྟན༴ སྤྱི་གཙུག་པད་ཟླར་དཀོན་མཆོག་གསུམ་འདུས་པ། །མཁན་ཆེན་དགེ་བའི་དབང་པོ་ལ་གསོལ་བ་འདེབས། །མི་ཤིགས༴ རྟག་བརྟན༴ དེས་བདག་གོ ། ༈ ཀོང་པོ་གཏེར་བཏོན་འཇའ་ཚོན་སྙིང་པོའི་གཏེར་ཁ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་དང༌། སེང་གདོང་མའི་རྗེས་གནང་དང༌། ཡིག་བཅའི་ལུང་གཉིས་ཀ་ཐོབ་པའི་