R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 146
[A:146]ནས་
ལུང་གསུམ་གྱིས་འཆིང་བའི་ལུགས་
ལྷ་སྔགས་གཅིག་པ་རྣམས་གཅིག་ཏུ་བསྡོམས་ནས་རྗེས་གནང་བདུན་ཅུ་དོན་བརྒྱད། ས་ཆེན་ཨ་མེས་ཀུན་དགའ་བསོད་ནམས་ལ་ཞུས་ཤིང་བསྐུར་ཆོག་དེའི་ལུང་དབུ་ཚུགས་ཙམ་ཐོབ་བོ།། ༈ །།སྒྲུབ་ཐབས་རྒྱ་མཚོ་ཞེས་བྱ་བ། འཕགས་ཡུལ་གྱི་པཎ་གྲུབ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་ནས་སྒྲུབ་ཐབས་རེ་མཛད་པ། སློབ་དཔོན་ཆེན་པོ་ཨ་བྷ་ཡ་ཀ་ར་གུཔྟས་ཕྱོགས་གཅིག་ཏུ་བསྒྲིགས་པ་སྒྲུབ་ཐབས་ཀུན་ལས་བཏུས་ཞེས་ཀྱང་བྱ་བ། ཀཱིརྟི་པཎ་ཆེན་དང༌། ཡར་ཀླུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་འདི་ལ་ཡིག་སྣ་ཉིས་བརྒྱ་དང་བཞི་བཅུ་ཞེ་གཅིག །སྒྲུབ་ཐབས་ཉིས་བརྒྱ་དང་བཞི་བཅུ་རྩ་གསུམ་ནི། དམ་ཚིག་གསུམ་
དམ་ཚིག་གསུམ་བཀོད་ཀྱི་རྒྱུད་དང༌། པཎྜི་ཏ་ཀུ་མུ་ཏ་འབྱུང་བའི་བློ་གྲོས་ཀྱི་གཞུང་ན་ལྷ་མི་གསལ་ཡང༌། འཇམ་དཔལ་རྩ་རྒྱུད་ནས་ཁ་བསྐང་བའི་ལུགས་སོ་
བཀོད། ཡང་གཅིག །ཨེ་ཝཾ་ཆོས་ལྡན་པའི་རྗེས་འཇུག་ཕལ་ཆེར། དམ་ཚིག་གསུམ་བཀོད་ལ་རྗེས་གནང་མི་མཛད་ཀྱང༌། འདིའི་ལུགས་ལ་ཡོད་དོ། །རྡོ་རྗེ་གདན། ཡང་གཅིག །ཡང་གསུམ་པ། ཡི་གེ་དྲུག་པ། ཡང་གཅིག །འཇིག་རྟེན་མགོན་པོ། ཡི་གེ་དྲུག་པ། ཁ་སརྤ་ཎི། ཡང་གཅིག །ཡང་གཅིག །མཁའ་སྤྱོད། ཡང་གཅིག །སེང་གེ་སྒྲ། འཇིག་རྟེན་མགོན་པོ། འཇིག་རྟེན་དབང་ཕྱུག །སེང་གེ་སྒྲ། གཉིས་པ། གསུམ་པ། བཞི་པ། ཧ་ལ་ཧ་ལ། ཡང་གཅིག །རྡོ་རྗེ་ཆོས། པདྨ་གར་དབང༌། ཡང་གཅིག །ཧ་རི་ཧ་རི། ཡང་གཅིག །འཇིག་རྟེན་དབང་ཕྱུག །གཉིས་པ། གསུམ་པ། མགྲིན་པ་སྔོན་པོ། སྒྱུ་འཕྲུལ་དྲ་བ། ཕྱག་ན་པདྨ། ལོ་ཀེ་ཤྭ་ར། དོན་ཡོད་ཞགས་པ། བྱུག་མ། ལོ་ཀ་ནཱ་ཐ། བརྟན་པའི་འཁོར་ལོ། །ཚིག་ལྷུག་པ། འཇམ་དཔལ་སྨྲ་སེང་ལྷ་གསུམ་མ། ངག་གི་རྒྱལ་པོ། ཡང་གཅིག །ཡང་