R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 158
[A:158]དགོན་པ་བ། མཆིམས་ནམ་མཁའ་གྲགས། ཟེའུ་སྐུ་མཆེད། མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱལ་མཚན། མཁན་ཆེན་གྲུབ་པ་ཤེས་རབ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་མན་གོང་བཞིན་ནོ། །ཡང་ན་འབྲོམ་སྟོན་ནས་སྤྱན་སྔ་ཚུལ་ཁྲིམས་འབར། བྱ་ཡུལ་བ་གཞོན་ནུ་འོད། འཆད་ཀ་བ་མན་གོང་ལྟར་རོ། །ཉེ་བརྒྱུད་ནི། རྗེ་བཙུན་སྒྲོལ་མ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་མན་འདྲའོ། །ཡང་ན་མཁན་ཆེན་གྲུབ་པ་ཤེས་རབ་ནས། རོང་སྟོན་ཤཱཀྱ་རྒྱལ་མཚན། པཎ་ཆེན་ཤཱཀ་མཆོག །བྲག་དཀར་སེམས་དཔའ་ཆེན་པོ་བསོད་ནམས་རྒྱལ་མཚན། རྗེ་བསོད་ནམས་དཔལ་འབྱོར། སྦུབ་སྒོམ་སྦས་པའི་རྣལ་འབྱོར། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །སྤྱན་སྔ་ཆོས་རྒྱ་མཚོ། སྤྱན་སྔ་ཀུན་དགའ་དོན་གྲུབ། དེས་ས་ཆེན་ཀུན་དགའ་བསོད་ནམས་ལ། དམ་པའི་ཆོས་ཀྱི་གན་མཛོད་རིན་ཆེན་རྒྱ་མཚོས་ཞུས། དེ་གཉིས་ཀར་སྒྲུབ་ཐབས་ཀྱི་ལུང་དང་བཅས་བདག་གིས་ཐོབ་བོ། ༈ །རྣམ་དག་གཙུག་ནོར་ནང་ནས། བཅུ་དགུ་པ་སྡུག་བསྔལ་སྲེག་བྱེད་ཀྱི་རྗེས་གནང་ཐོབ་པའི་
མན་ངག་དངོས་ཀྱི་ལུང་ཐོབ་པའི་བརྒྱུད་པ་བུ་སྟོན་བཀའ་འབུམ་ནའོ་
བརྒྱུད་པ་ནི། ཐམས་ཅད་མཁྱེན་པའི་བཤེས་གཉེན། ཀླུ་སྒྲུབ། ཉི་མ་སྦས་པ། ཙནྡྲ་གརྦྷ། ཛེ་ཏཱ་རི། ངག་དབང་གྲགས་པ། ཏ་ཐཱ་ག་ཏ་རཀྵི་ཏ། མཉྫུ་ཤྲཱི། མལ་ལོ་ཙཱ་བ། རྗེ་བཙུན་དཀར་པོ་རྣམ་གསུམ། མཆིམས་ཆོས་སེང༌། མཆིམས་བློ་བརྟན། འཇམ་དབྱངས་གསར་མ། ཀུན་མཁྱེན་ཆོས་སྐུ། འཕགས་འོད་པ། བུ་སྟོན་རིན་པོ་ཆེ། སློབ་དཔོན་དོན་གྲུབ་རྒྱལ་མགོན། བླ་མ་བཀྲས་རིན་པ། ངོར་ཆེན། རིན་ཆེན་བཀྲ་ཤིས། པཎ་ཆེན་རིན་པོ་ཆེ། རྒྱལ་ཚབ་ཀུན་དགའ་