R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 160
[A:160]གསལ། པཎྜི་ཏ་ཐ་ཀ་མ་ལ། གྲུབ་ཆེན་ཛ་བ་རི་པ། པཎྜི་ཏ་མི་འཇིགས་སྦྱིན་པའི་དཔལ། མི་ཉག་ཙ་མི་ལོ་ཙཱ་བ། སྨོན་གྲུབ་ཤེས་རབ། རིན་པོ་ཆེ་ཡབ་སྲས། རཏྣ་གུ་རུ། གྲུབ་ཐོབ་ཧཱུྃ་འབར། རྒན་མོ་ལྷས་པ་བྱང་ཆུབ་དཔལ། སྟག་སྟོན་བྱི་བྲག་པ་གཞོན་ནུ་དར། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་བདེ་ལེགས་པ། འཕགས་མཆོག་བསོད་ནམས་དར། དམར་སྟོན་རྒྱལ་མཚན་འོད་ཟེར། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། སྨྱུག་ལ་པཎ་ཆེན། ཏྲཻ་བོ་ཆོས་རྒྱ་མཚོ། ཀུན་དགའ་གྲོལ་མཆོག །བསྟན་འཛིན་ཉི་ཟླ་བཟང་པོ། གླིང་སྟོད་ཆོས་ཀྱི་རྗེ་ཀུན་དགའ་འབྱུང་གནས། གྲུབ་ཆེན་ཀུན་དགའ་རྣམ་རྒྱལ། མཁྱེན་རབ་བསྟན་འཛིན་བཟང་པོ། ངག་དབང་བསྟན་འཛིན་ལྷུན་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། དེས་བདག་ཕྲིན་ལས་རྣམ་རྒྱལ་ལའོ། ༈ །སྒྲུབ་ཐབས་རྒྱ་མཚོའི་ནང་ནས། སྤྱན་རས་གཟིགས་ལྷ་གསུམ་མ་ཚར་ལྔ། ཛཾ་ལ་སེར་པོ་དང་ནག་པོ་གཉིས་ཚར་གཉིས་རེ། མགོན་པོ་ཕྱག་བཞི་པ། གུར་མགོན། གཙུག་ཏོར་རྣམ་རྒྱལ་ལན་གསུམ། འོད་ཟེར་ཅན་ཞལ་ལྔ་རྩ་ཞལ་དཀར་པོ་རྣམས་ཉི་གླིང་རྡོ་རྗེ་འཆང་ལ་ཐོབ། དབྱངས་ཅན་མ་གཙོ་འཁོར་ལྔ་པ། དགྲ་ནག་དབྱངས་ཅན་མ། གདུགས་དཀར་ཕྱག་དྲུག་མ། མི་གཡོ་སྔོན་པོ་རྣམས་རྒྱལ་དབང་བློ་བཟང་རྒྱ་མཚོའི་སྐུ་ཞབས་སུ་ཐོབ། ཀྱེ་རྡོར་སྐུ་རྡོ་རྗེ། བདག་མེད་མ། ཕག་མོ་ལྷ་ལྔ་མ། གུར་མགོན། ཕྱག་བཞི་པ། གཤིན་རྗེ་དགྲ་ནག །གདོང་དྲུག །འབྱུང་
དབང་ལྡན་གླང་གདོང་མནན་པ་
འདུལ། མི་གཡོ་སྔོན་པོ། གསང་འདུས་འཇམ་རྡོར་ཡུམ་བཅས། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་ལ་ཐོབ། སོ་སོར་
ཟུར་བཀའ་
འབྲང་མ་ཐུན་མོང་མ་ཡིན་པ་ཡང་ངོ༌། །ཡང་ཕྱག་རྡོར་འགྲོ་བཟང་ལུགས།
མཚམས་འདིར་མ་དཔེའི་ཤོག་གྲངས་བརྒྱ་དང་ལྔའི་ནང་ཡིག་ཕྲེང་བཅུ་ལྷག་ཙམ་སྟོང་པར་བཞག་འདུག །