R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 168
[A:168]འཇམ་དབྱངས་ཀུན་ལེགས། བྱམས་པ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། རྩ་བའི་བླ་མ་བྱམས་པ་ངག་དབང་ལྷུན་གྲུབ། དེས་ཕྲིན་ལས་རྣམ་རྒྱལ་ལའོ། ༈ །ཞབས་དྲུང་ཨ་མེས་ཀུན་དགའ་བསོད་ནམས་ལ་གུར་མགོན་བསེ་འབག་གི་རྗེས་གནང་བྱ་བ་ལྷ་གཅིག་པ་ཐོབ། བ་རི་ལོ་ཙཱ་དང༌། ཡར་ཀླུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གཉིས་ནས་བརྒྱུད་པའི་གུར་ལྷ་གཅིག་གི་རྗེས་གནང་ལན་གཉིས་རེ་བརྒྱ་རྩ་དང་རྒྱ་མཚོའི་སྐབས་སུ་ཐོབ། དཔལ་ལྡན་ཚུལ་ཁྲིམས་ཀྱི་ཡིག་བཅའ་ནས། དམ་ཅན་པུ་ཏྲ་ཁྱད་པར་བའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ཡན་གུར་ལྷ་གསུམ་བཞིན་ལ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དམ་པ། བླ་མ་བསོད་ནམས་འོད་ཟེར། བྲག་ནག་པ་དཔལ་ལྡན་ལེགས་དབང༌། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། ཡོངས་འཛིན་ཤཱཀྱ་ཀུན་དགའ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཛིན་པ་བསོད་ནམས་མཆོག་ལྡན། དེས་ཕྲིན་ནོ། ༈ །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་པའི་སྐོར་ལ། བརྒྱུད་པའི་སྲོལ་མི་འདྲ་བ་གཉིས། དཔལ་ལྡན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པ། ཏ་ཐཱ་ག་ཏ་རཀྵི་ཏ་ནས་བརྒྱུད་པ་དང༌། རི་སུལ་གྱི་རྣལ་འབྱོར་མ་ནས་བརྒྱུད་པའོ། །རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་ཕྱག་བཞི། རྩ་ཞལ་མཐིང་ནག་གཡས་དཀར་གཡོན་དམར། སྟེང་ཞལ་དུད་ཁ་གཙོ་འཁོར་ལྔ། འཁོར་དམ་ཅན་རྒྱ་མཚོའི་དམག་ཚོགས་ཀྱིས་བསྐོར་བ་སྒྲུབ་དུས་ཀྱི་མགོན་པོའི་རྗེས་གནང་ལན་གསུམ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། སློབ་དཔོན་ཀླུ་སྒྲུབ། བ་ལིཾ་ཏ་པ། སངས་རྒྱས་ཡེ་ཞེས་ཞབས། མར་མེ་མཛད་བཟང་པོ། དཔལ་སྡེ། བི་མ་ལ་གུཔྟ། རིན་