R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 185
[A:185]དང༌། གཿབརྒྱད་མའི་གཟུངས་རིང་དང༌། ཕྱག་མཚན་བཅུ་གཉིས་ཀྱི་ལས་ཚོགས་དང༌། དཔལ་ཚོགས་ཀྱི་བདག་པོའི་གསལ་བྱེད་ཌོམ་བྷི་ཧེ་རུ་ཀས་མཛད་པ་གྱི་ཇོས་བསྒྱུར་བ་དང༌། མགོར་རྒྱ་སྐད་དང་མཐར་དཔལ་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་ཞེས་བྱ་བ་ནག་པོ་སྤྱོད་པས་མཛད་པ་རྫོགས་སོ། །པཎྜི་ཏ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བ་དང༌། དེ་དག་གི་ལུང་ཐོབ་པའི་བརྒྱུད་པ་ནི། ས་ཆེན་ཨ་མེས་ཀུན་དགའ་བསོད་ནམས། རིགས་སྲས་འཇམ་པའི་རྡོ་རྗེ། བཀའ་དྲིན་མཉམ་མེད་མཁན་ཆེན་བྱམས་པ་དགེ་བའི་དབང་པོ། དེས་ཕྲིན་ལས་པར་དགྱེས་བཞིན་དུ་བསྩལ་བའོ། །དཔལ་འདོད་རྒྱལ་ཡབ་ཡུམ་གྱི་ཆོས་སྐོར་ལ། རྗེས་གནང་གི་ཞལ་གདམས་སྒྲུབ་ཐབས་ཐུན་མོང་མ་ཡིན་པ། རྗེས་གནང་ལག་ལེན་ཟིན་བྲིས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ་རྣམས་སོ། །དེ་དག་གི་ལུང་ཐོབ་པའི་བརྒྱུད་པ་རྗེས་གནང་བཞིན་ནོ། ༈ །དཔལ་འཁོར་ལོ་བདེ་མཆོག་སྔོན་པོ་ཡབ་ཡུམ་གྱི་རྗེས་གནང་འཕགས་པའི་མངོན་རྟོགས་དང་རྗེས་གནང་སྤྱི་འགྲོ་ནས་རྗེ་བཀའ་འགྱུར་བ་ཆེན་པོ་ལ་ཞུས་སོ། ༈ །ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་བྱིན་བརླབས་ངོར་དཔལ་ལྡན་དོན་གྲུབ་ཀྱི་ཡིག་ཆ་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། གྲུབ་ཐོབ་ཀོངྐ་དཏྟ། ཨ་བྷ་ཡཱ་ཀ་ར། སུ་ཙ་རི་པཱ་ད། རཏྣ་རཀྵི་ཏ། མཱ་ན་ཀ་ཤྲཱི་ཛྙཱ་ན། ཆག་ལོ་ཆོས་རྗེ་དཔལ། གོ་ལུང་པ་མདོ་སྡེ་དཔལ་རྒྱལ་མཚན། ཤོང་ལོ་རྡོ་རྗེ་རྒྱལ་མཚན། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། དཔང་ལོ་བློ་གྲོས་བརྟན་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། རྗེ་སངས་རྒྱས་ལྷུན་གྲུབ། མཁན་ཆེན་དཀོན་