R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 191
[A:191]ཕྱུག་བརྩོན་
༩༩
འགྲུས། ཆོས་ཀྱི་རྒྱལ་པོ་འཕགས་པ། མཁན་ཆེན་མཆིམས། མཁས་གྲུབ་གཞོན་ནུ་གྲུབ་མན་འདྲ། ཡང་ན་འགོས་རི་ཁྲོད་དབང་ཕྱུག་ནས། ཡར་ལུངས་ཀྱི་གཉག་དམར་པོ། རྗེ་བཙུན་ཡོན་ཏན་བཟང་པོ། རིག་པ་འཛིན་པ་གཉོས་ཨ་སེང༌། གན་པ་རིན་ཆེན་རྒྱལ་མཚན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་མན་འདྲ། ཡང་ན་བླ་མ་དམ་པ་ནས། བླ་མ་རྣལ་རྒྱལ་དཔལ་བཟང༌། མཁན་ཆེན་དཔལ་འབྱོར་བ། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། ཕུན་ཚོགས་གླིང་པ་རྣམ་རྒྱལ་རིན་ཆེན། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། ཚར་ཆེན། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན། གན་པ་རིན་རྒྱལ་ནས། མཁན་ཆེན་ཤེས་རབ་རྡོ་རྗེ། བྲག་ཐོག་པ་མན་འདྲ། ཡང་ན་རས་ཆུང་པ་ནས། མངའ་རིས་པ་བྱང་ཆུབ་རྡོ་རྗེ། གྲུབ་ཐོབ་རྒྱལ་ཚ་མགོན་པོ། བླ་མ་བཟང་ཡུལ་བ། སངས་རྒྱས་སྟོན་པ། རིན་ཆེན་སེང་གེ །སློབ་དཔོན་ལྷ་གཞོན། མཁན་ཆེན་དང་མ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་མན་འདྲ། ཡང་ན། ཀུན་མཁྱེན་རྡོ་རྗེ་གདན་པ་ནས། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། བླ་མ་ཤཱཀྱ་ཀུན་དགའ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། ཉི་གླིང་ཚུལ་ཁྲིམས་བཀྲ་ཤིས། ཁྱབ་བདག་ཞ་ལུ་བ། དེ་གཉིས་ཀས་བདག་གོ །ཡང་དབང་ཕྱུག་རྒྱལ་མཚན་ལ་རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་དང༌། རྡོ་རྗེ་འཛིན་པ་པཎ་ཆེན་བསོད་ནམས་མཆོག་ལྡན་དེ་གཉིས་ཀར་མང་དུ་ཞུས་སོ། །ཡང་ན་ཉི་མ་གླིང་པ་ནས། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེ་ལ་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་དང་ཁྱབ་དག་ཞ་ལུ་བ་གཉིས་དང༌། བདག་གིས་ཞུས་སོ། །ཡང་ན་འབའ་ར་བ་རྒྱལ་མཚན་དཔལ་བཟང་ཡན་གོང་