R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 194
[A:194]སྡིངས་པ་དང༌། ལྕང་ཐང་པ་རྣམས་ལ་ཡང་ཞུས་སོ། །
འདི་སྤྱན་སྔ་ཞྭ་དམར་བ་ཐམས་ཅད་མཁྱེན་པ་ཆོས་ཀྱི་གྲགས་པ་དང་རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་བཀྲ་ཤིས་ཀྱི་གསན་ཡིག་ན་འདུག་ཅིང༌། ལྷ་ལྕམ་མན་ད་ར་བ་རྒྱ་གར་དུ་དུས་རིང་མོ་ཞིག་ནས་མ་ཅིག་གྲུབ་པའི་རྒྱལ་མོར་གྲགས་ཞེས་གསུང་ངོ༌། ༈ །འཇམ་དཔལ་གཤིན་རྗེ་གཤེད་དགྲ་ནག་རྒྱུད་ནས་གསུངས་པའི་དབྱངས་ཅན་མ་ཕྱི་སྒྲུབ་ཞལ་གསུམ་ཕྱག་དྲུག་དང༌། གསང་སྒྲུབ་ས་ལའི་ཕོ་ཉའི་དབྱངས་ཅན་མ་ལྷ་མོ་དམར་མོའི་རྗེས་གནང་གཉིས་ལས། གསང་སྒྲུབ་ཤིན་ཏུ་ཟབ་པ་ཐོབ་པའི་བརྒྱུད་པ་ས་ལུགས་ནི། སྒྲ་དབྱངས་ལྷ་མོ། དེས་ཡང་ནས་ཡང་དུ་རྗེས་སུ་བཟུང་བའི་པཎྜི་ཏ་བིཀྵ་པཱ་ར་མ། པཎྜི་ཏ་ཤྲཱི་ཏ་ཐཱ་ག་ཏ་རཀྵི་ཏ། ཁ་ཆེའི་པཎྜི་ཏ་ཛ་ཡ་ཀ །པཎྜི་ཏ་བྷ་སྐ་ར་དེ་ཝ། འོད་བྱེད་འབྱུང་གནས་ཡིན་ཞིང་ཐར་རྩེ་ཤར་པ་གཉིས་ཀྱིས་གསན་ཡིག་ན་འདི་དང་ཛ་ཡ་ཀ་གོ་ལྡོག་ཏུ་སྣང་ལ་འདིར་རྡོ་རྗེ་གདན་པ་དང་མཁྱེན་བརྩེའི་གསན་ཡིག་བཙན་པར་བྱས་ཏེ་བཀོད། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི། པཎྜི་ཏ་དཱ་ན་ཤཱི་ལ། འཇམ་མགོན་ས་སྐྱ་པཎ་ཆེན། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག །མཁས་པ་ཡོན་ཏན་ཁྲི། དྲིན་ཅན་སེང་གེ་བཟང་པོ། རྣལ་འབྱོར་དབང་ཕྱུག་ཡར་ཀླུང་པ་སེང་གེ་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཆོག །བསམ་གཏན་གླིང་པ་ནམ་མཁའ་བསོད་ནམས། བླ་མ་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། རྗེ་བཙུན་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། །རྒྱལ་དབང་བློ་བཟང་རྒྱ་མཚོའི་ཞབས། མཁན་ཆེན་དགེ་བའི་དབང་པོ།
ཡི་གེ་རྙིང་མ་ནས་