R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 201
[A:201]རྗེ་ཚུལ་ཁྲིམས་ཞབས། དེས་བདག་གོ །སློབ་དཔོན་ཆེན་པོ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བའི་བཞེད་སྲོལ་འཇམ་དཔལ་དཀར་པོ་ཁ་ཆེ་པཎ་ཆེན་གྱི་ཐུགས་དམ་བཞིའི་ནང་ཚན་གྱི་ཡ་གྱལ་དུ་བརྩི་བའི་རྗེས་གནང༌། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ཕྱག་ལེན་ལྟར་ཁྲོ་ཕུ་ལོ་ཙཱ་སྣུབས་བྱམས་པའི་དཔལ་གྱི་ཡིག་ཆ་ནས་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་འཇམ་པའི་དབྱངས། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། པཎྜི་ཏ་མ་ཏི། སློབ་དཔོན་ནོར་བུ་གླིང་པ་ཆུང་བ། པཎྜི་ཏ་འབྱུང་གནས་སྦས་པ། པཎ་ཆེན་ཤཱཀྱ་ཤྲཱི། མཁན་ཆེན་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། གྲགས་པ་གཞོན་ནུ། མཁན་ཆེན་བསོད་གྲགས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ལོ་ཆེན་སྐྱབས་མཆོག་དཔལ། ནམ་མཁའ་འོད་ཟེར། བཅོམ་ལྡན་གྲགས་འཕེལ་བ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། གནས་བརྟན་འོད་འཕྲོ་བ། འཇམ་དབྱངས་སྐུ་སྐྱེ་ཤེས་རབ་རིན་ཆེན། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་བ་རིན་ཆེན་བསོད་ནམས་མཆོག་གྲུབ། རྒྱལ་དབང་བློ་བཟང་རྒྱ་མཚོ། དེ་གཉིས་ཀར་བདག་གོ །བརྒྱུད་པ་འདི་ཞལ་གཟིགས་བརྒྱུད་པ་ངོ་མཚར་ཅན་ནོ། །རྗེས་གནང་བརྒྱུད་ལུགས་གཅིག་ནི། ཁ་ཆེ་པཎ་ཆེན་ཡན་གོང་ལྟར་ལ། དེ་ནས་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། མཁན་པོ་དབང་ཕྱུག་གྲགས། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། མཁན་ཆེན་དང་མ་བ། རིན་པོ་ཆེ་ཤེས་རབ་གྲགས། ལུང་པ་དཀོན་མཆོག་རྡོ་རྗེ། མཁན་ཆེན་སེང་གེ་དཔལ། ཆོས་རྗེ་དགེ་བ་རྒྱལ་མཚན། བྱང་སེམས་འཕགས་པ་བློ་འཕེལ། སྤྱན་སྔ་ཚུལ་ཁྲིམས་དར། ལོ་པ་སྤྱན་སྔ་བསོད་ནམས་ལྷའི་དབང་པོ། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། གུར་རྫོང་ཆོས་འབྱོར་