R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 206
[A:206]གྲགས་པ་རྒྱལ་མཚན། ཀུན་མཁྱེན་དོལ་པོ་ཤེས་རབ་རྒྱལ་མཚན། ས་བཟང་མ་ཏི་པཎ་ཆེན། ས་བཟང་འཕགས་པ། ངོར་ཆེན་མན་འདྲ། ཡང་ན་ཕ་དམ་པ་ནས། དམ་པ་པོ། ལྐུགས་རིང༌། ལྡེ་སྟོན་དགེ་བ། གློ་ཆེན་སངས་རྒྱས། གར་ཐིག་པ་བསོད་ནམས་རྒྱལ། བླ་མ་མགོན་པོ་འབུམ། ས་བཟང་འཕགས་པ་མན་འདྲ། ཡང་ཉེ་བརྒྱུད་ནི། འཇམ་དབྱངས། ཕ་དམ་པ་མན་འདྲ། ༈ དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་སོ་སོར་འབྲང་མའི་རྗེས་གནང་རྗེ་བཀའ་འགྱུར་བ་ལ་ཐོབ། ༈ དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་ཏོར་ལས་ཟུར་བཀའ་གཙུག་ཏོར་རྣམ་རྒྱལ་ལྷ་དགུའི་རྗེས་གནང་རྗེ་དཀོན་མཆོག་ལྷུན་གྲུབ་པའི་ཡིག་ཆ་ནས་བཟླས་ལུང་སྐབས་གཟུངས་རིང་སྙིང་པོ་བཅས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི་པ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ། ས་ཆེན། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་རྒྱལ། ས་སྐྱ་པཎ་ཆེན། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་བརྟན་པ། བྲག་ཕུག་པ་དཀོན་རྒྱལ། བླ་མ་དཔལ་ལྡན་པ། ཤར་ཆེན་པ། ངོར་ཆེན་རྡོ་རྗེ་འཆང༌། ཀུན་མཁྱེན་པ། སང་རིན་པ། རྗེ་དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་རྒྱ་མཚོ། དབང་ཕྱུག་དཔལ་བཟང༌། ངག་དབང་ཆོས་གྲགས། ས་ཆེན་ཀུན་དགའ་བསོད་ནམས་ཞབས། དེས་བདག་གོ ༈ །ངོར་ཆེན་གྱི་འཆི་མེད་དཔལ་སྦྱིན་མའི་ལུང་ཞུས། གཙུག་ཏོར་རྣམ་རྒྱལ་མའི་རྗེས་གནང་རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་ལ་ཡང་ལན་གསུམ་ཞུས། ༈ །གཙུག་ཏོར་གདུགས་དཀར་གྱི་བཀའ་བསྲུངས་ལེགས་ལྡན་ཆེད་གསུམ་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི་པ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཆེན་རིན་