R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 237
[A:237]གྲགས། རྗེ་བཙུན་བརྩེ་བ་ཆེན་པོ། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། བླ་མ་གྲ་ཐང་པ། བླ་མ་ཀུན་དགའ་བསོད་ནམས། བླ་མ་བློ་གྲོས་དཔལ། དགེ་བཤེས་སེང་གེ །མཁན་པོ་བསོད་ནམས་ཤེས་རབ། མཁན་པོ་ཤེས་རབ་མགོན། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། རྗེ་བསོད་ནམས་སེང་གེ །རྗེ་བཙུན་སྒོ་རུམ་པ་ཆེན་པོ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། གནས་གསར་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། བསྟན་པའི་བདག་པོ་ངག་དབང་བློ་བཟང་རྒྱ་མཚོའི་ཞབས།
རྡོ་རྗེ་འཆང་ཕྲིན་ལས་རྣམ་རྒྱལ། ཆོས་རྗེ་ཕུན་ཚོགས་རྣམ་རྒྱལ། བྱམས་པ་ཀུན་དགའ་དབང་རྒྱལ། མཁན་ཆེན་བསྟན་འཛིན་ཚུལ་ཁྲིམས། དེས་བདག་ངག་མིང་ལའོ། ཁྲོ་མོ་རྨེ་བརྩེགས་ལ་བརྒྱུད་པ་མི་འདྲ་བ་ཡོད་འདུག་ཀྱང༌། མཁན་ཆེན་བསྟན་འཛིན་ཚུལ་ཁྲིམས་ཀྱི་གསན་ཡིག་ཤོག་ཧྲིལ་ལ། ཁྲོ་མོ་རྨེ་བརྩེགས་ཞེས་པ་གོང་དུ་ཡི་གེ་བཅུག་སྟེ་བསྟན་འཛིན་ཚུལ་ཁྲིམས་ཀྱི་གསན་ཡིག་ན། བརྒྱུད་པ་ཐུན་མོང་མ་གཏོགས་མི་འདུག་པས། དེ་བཞིན་ལྟར་འདིར་བཀོད།
དེས་བདག་གོ །ཡང་ན་ངོར་ཆེན་ནས། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །གློ་བོ་མཁན་ཆེན་ལེགས་འབྱུང༌། བདག་ཆེན་ངག་གི་དབང་ཕྱུག །འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་མཁས་བཙུན་དགེ་སྟག་པར་ཁྲོ་བོའི་དབང་པོ་ཞལ་དངོས་སུ་གཟིགས་པའི་ཞལ་གཟིགས་བརྒྱུད་པ་ནི། མཁས་བཙུན་དགེ་སྟག་པ། དྲན་བུ་རིན་ཆེན་གྲུབ། མཁན་ཆེན་ཤེས་རབ་གཞོན་ནུ། སློབ་དཔོན་དཀོན་མཆོག་མཁར། རི་ལུང་སྦུག་པ་ཆོས་ཀྱི་མགོན་པོ། ལྕེ་བློ་ལྡན་སེང་གེ །ལྕེ་བཙུན་བསོད་ནམས་