R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 239
[A:239]ཤིས་ཞབས། དེས་བདག་གོ ༈ །མཁའ་འགྲོ་མ་སེང་གེའི་གདོང་ཅན་རྗེས་གནང་དང་ལོ་རྒྱུས། ལས་ཚོགས། གཏོར་ཆོག །མངོན་རྟོགས། མཁའ་འགྲོ་ལྔའི་བསྟོད་པ་ཚིགས་བཅད་ལྔའི་བརྒྱུད་པ་ནི། མཁའ་འགྲོ་སེང་གདོང་མ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ། ས་ཆེན། རྩེ་མོ། རྗེ་བཙུན། པཎ་ཆེན། འཕགས་པ། ཞང་དཀོན་དཔལ། བྲག་ཕུག་པ། བླ་མ་དམ་པ། ས་བཟང་མ་ཏི། ཐེག་ཆེན་པ། གུག་ཤྲི་ངག་དབང་བཟང་
ནམ་མཁའ་བཟང་པོ་ཟེར་
པོ། བདག་ཆེན་རྒྱ་གར་ཤེས་རབ་རྒྱལ་མཚན། པཎ་ཆེན་འབུམ་ཕྲག་གསུམ་པ། ཡོན་ཏན་རྒྱ་མཚོ། སྔགས་འཆང་ཚེ་བཀྲས། རྗེ་ཨོ་རྒྱན་རྒྱལ་པོ། མཁན་ཆེན་བསོད་ནམས་རྒྱལ་པོ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ །ཡང༌། སེང་གདོང་མ་ནག་མོ་ཆོས་འབྱུང་སྟེང་ན་བཞུགས་པའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། སེང་གདོང་མ། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ནས། ཐེག་ཆེན་ཆོས་རྒྱལ་བར་གོང་འདྲ། དེ་ལ་ངང་ཚུལ་བཟང་པོ། ཚུལ་ཁྲིམས་རྒྱལ་མཚན། བློ་གྲོས་བཟང་པོ། མཁྱེན་རབ་བཟང་པོ། མཁྱེན་རབ་ཆོས་རྗེ། ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ས་ལོ་ཀུན་དགའ་བསོད་ནམས། རྗེ་དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་རྒྱ་མཚོ། བཅོ་བརྒྱད་པ་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། དབོན་རིན་པོ་ཆེ་བྱམས་པ་ངག་དབང་ལྷུན་གྲུབ། དེས་བདག་གོ །སེང་གདོང་མའི་སྒྲུབ་ཐབས་ལས་ཚོགས། མན་ངག་ཁ་ཤས་མཁྱེན་རབ་ཆོས་རྗེས་མཛད་པའི་ལུང་བརྒྱུད་ནི། མཁྱེན་རབ་རྗེ། འཇམ་དབྱངས་རིན་ཆེན་རྒྱལ་མཚན། དོན་ཡོད་རྒྱལ་མཚན། བསོད་ནམས་ལྷུན་གྲུབ། མཆོག་ལེགས་རྡོ་རྗེ་མན་རྗེས་གནང་དང་འདྲའོ། །ཡང༌། བྲག་ཕུག་པ། བླ་མ་དམ་པ། བླ་མ་ཀུན་དགའ་གྲགས་པ། རྗེ་