R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 260
[A:260]འཆང་བྱམས་པ་དགེ་བའི་དབང་པོའི་ཞལ་སྔ་ནས་ལ་ཁྲིད་ལུང་ལེགས་པར་ནོས་པའི་ཆོས་ཀྱི་རྣམ་གྲངས་ནི། ཨོཾ་སྭསྟི་སིདྡྷཾ་དང་པོ་ནས། བདེ་མཆོག་ལ་གནས་བཀྲ་ཤིས་ཤོག་གི་བར་རོ། །དེ་ཡང་སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་གྱི་སྔོན་འགྲོ་ཀུན་ལ་སྦྱར་ནས། དངོས་གཞི་དང་རྗེས་སོ་སོ་ནི། ༈ ཁྲིད་བརྒྱའི་ཐོག་མ་ཞེན་པ་བཞི་བྲལ་གྱི་ཁྲིད་ས་སྐྱ་པཎྜི་ཏའི་གསུང་ལ་ནུབ་པ་རིག་འཛིན་གྲགས་ཀྱི་ཟིན་བྲིས་ལས་བཏུས་པའོ། ༈ །བློ་སྦྱོང་དོན་བདུན་མའི་ཁྲིད་རྒྱལ་སྲས་རིན་པོ་ཆེའི་ཁྲིད་ཡིག་ལས་བཏུས་པ། ༈ རྟེན་འབྲེལ་སྙིང་པོའི་ཁྲིད་མུས་ཆེན་རྒྱལ་མཚན་དཔལ་བཟང་གི་ཁྲིད་ཡིག་ལས་བཏུས་པ། ༈ སྐྱིད་སྡུག་ལམ་ཁྱེར་གྱི་ཁྲིད་རྒྱལ་སྲས་ཆོས་རྫོང་པའི་གསུང་ལ་རྗེ་རེ་མདའ་པའི་ཟིན་བྲིས་ལས་བཏུས་པ། ༈ སུམ་པའི་བློ་སྦྱོང་གི་ཁྲིད་ཆོས་རྗེ་དཔལ་ལྡན་བླ་མ་དམ་པའི་ཁྲིད་ཡིག་ལས་བཏུས་པ། ༈ མ་གཅིག་གི་ཁྲིད་དོན་ཁྲིད་ལས་བཏུས་པ། ༈ སྙིང་པོ་དོན་གསུམ་གྱི་ཁྲིད་ཁྲོ་ཕུ་ལོ་ཙཱ་བའི་ཡི་གེ་ལས་བཏུས་པ། ༈ སེམས་ཉིད་ངལ་སོའི་ཁྲིད་ཡང་རྩེ་བའི་ཁྲིད་ཡིག་ལས་བཏུས་པ། ༈ སྐྱེས་བུ་གསུམ་གྱི་ཁྲིད་མཆིམས་ཀྱི་ཁྲིད་ཡིག་ལས་བཏུས་པ། ༈ བསྟན་རིམ་གྱི་ཁྲིད་མཆིམས་ཀྱི་ཡིག་རྙིང་ལས་བཏུས་པ། ༈ སྲིད་ཞི་མཉམ་ཉིད་ཀྱི་ཁྲིད་མཆིམས་ཀྱི་ཁྲིད་ཡིག་ལས་བཏུས་པ། ༈ དབུ་མ་ཆེན་པོའི་ཁྲིད་བྱང་སེམས་ཟླ་རྒྱལ་གྱི་ཁྲིད་ཡིག་ལས་བཏུས་པ། ༈ བཀའ་གདམས་ལྐོག་ཁྲིད་མཆིམས་ཀྱི་ཡིག་རྙིང་ལས་བཏུས་པ། ༈ བཀའ་གདམས་ལྷ་བཞིའི་ཐུབ་པའི་ཁྲིད་ཡིག་རྙིང་ལས་བཏུས་པ། ༈ བཀའ་༼གདམས་༽ལྷ་བཞིའི་སྤྱན་རས་གཟིགས་ཀྱི་ཁྲིད་མཆིམས་ཀྱི་ཁྲིད་དཔེ་ཟ་མ་ཏོག་བཀོད་པ་དཔང་བཞག་པ། ༈ བཀའ་གདམས་ལྷ་བཞིའི་མི་གཡོ་བའི་ཁྲིད་སྔོན་གྱི་དཔེ་རྙིང་ལས་བཏུས་པ། ༈ བཀའ་གདམས་ལྷ་བཞིའི་སྒྲོལ་མའི་ཁྲིད་མཆིམས་ཀྱི་