R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 274
[A:274]༼ཐ༽ ༈ བསྟན་འགྱུར་ལས་ཆ་ཤས་ཙམ་གྱི་ལུང་ཐོབ་པ་ལ་ཐེག་པ་འོག་མ་དང་རྒྱུའི་ཐེག་པ་ཆེན་པོ་དང་འབྲས་བུའི་ཐེག་པ་རྣམས་ལ་རྒྱ་གཞུང་གཙོ་བོར་བྱས་པའི་སྐོར་གསུམ་གྱི་དང་པོ་ནི། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་ཚིག་ལེའུར་བྱས་པ། མེ་ཏོག་འཕྲེང་རྒྱུད། དགྲ་བཅོམ་པ་ས་ག་ལྷས་མཛད་པ་པཎ་ཆེན་ཤཱཀྱ་ཤྲཱི་དང༌། ཁྲོ་ཕུ་ལོ་ཙཱ་བྱམས་པའི་དཔལ་གྱིས་བསྒྱུར་བའི་ལུང་གི་བརྒྱུད་པ་ནི། ཐུབ་དབང༌། འོད་སྲུང་ཆེན་པོ། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དྷི་དྷི་ཀ །ནག་པོ་པ། ལེགས་མཐོང༌། དགེ་འདུན་འབངས། འཕགས་པ་ས་ག་ལྷ། སློབ་དཔོན་མ་ཏི་རཏྣ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། གནུབས་ལོ་ཙཱ་བ་བྱམས་པའི་དཔལ། སེང་གེ་ཟིལ་གནོན། རིན་ཆེན་བསོད་ནམས་སེང་གེ །འུམ་ཕུག་གནས་རྙིང་པ་ཀུན་དགའ་དབང་ཕྱུག །མཁན་ཆེན་ཉི་མ་རྒྱལ་མཚན། བཀའ་བཞི་པ་ཤེས་རབ་སེང་གེ །བཀའ་བཞི་པ་ཤེས་རབ་རྒྱལ་མཚན། སློབ་དཔོན་དགེ་བ་དཔལ། མཁས་བཙུན་སྐལ་བཟང་པ། མཁན་ཆེན་གྲུབ་པ་ཤེས་རབ། འཇམ་དབྱངས་ཆོས་རྗེ། ཆོས་རྗེ་ཀུན་དགའ་དབང་ཕྱུག །སློབ་དཔོན་སངས་རྒྱས་དཔལ་གྲུབ། ངོར་ཆེན་ལྷ་མཆོག་སེང་གེ །རྗེ་སངས་རྒྱས་སེང་གེ །ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང༌། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། འཕགས་པའི་གནས་བརྟན་ཚུལ་ཁྲིམས་བཀྲ་ཤིས། དེས་ཚེ་དང་ལྡན་པ་བདག་ལའོ། ༈ །འདུལ་བ་མདོ་རྩ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བའི་ལུང་གི་བརྒྱུད་པ་ནི། ཐུབ་པའི་དབང་པོ། ཉེ་བར་འཁོར། འོད་སྲུངས། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དྷི་དྷི་ཀ །ནག་པོ་པ། ལེགས་