R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 282
[A:282]རྒྱལ་བུ་སྨན་གྱིས་ནད་ཀུན་བསད། །༼དཱ༽ང་ལྔ་ཐམས་ཅད་སྟེར་གྱིས་ཐམས་ཅད་བྱིན། །ང་དྲུག་ཀླུ་ཆེན་བ་ལང་སྐྱོང་ཞེས་བཏུལ། །ང་བདུན་འདྲེན་པས་མཆོད་རྟེན་བསྔགས་པ་གསུངས། །༼དཱ༽ང་བརྒྱད་རྒྱལ་པོ་
བསོད་ནམས་སྟོབས་ཀྱི་རྟོགས་བརྗོད་ན་
བསོད་ནམས་སྟོབས་ཀྱི་རབས། །ང་དགུ་ཀུ་ལཱ་ལ་ཡིས་ཚུལ་ཁྲིམས་
ཀུ་ལཱ་ལ་ཡི་རྟོགས་པ་བརྗོད་པ་ན་
བསྲུངས། །དྲུག་ཅུ་ཀླུ་གཞོན་རྒྱལ་བར་ལུང་བསྟན་ཐོབ། །རེ་གཅིག་ཞིང་པ་བཀྲ་ཤིས་
སྣ་ཚོགས་མདོ་སྡེ་དང་སྨན་གཞི་ན་
ཁྱོ་ཤུག་གྲོལ། །རེ་གཉིས་གྲགས་བྱིན་ཉེ་བའི་
དགེ་སློང་མའི་རྣམ་འབྱེད་དང་པོ་ན་
ལྔ་སྡེའི་འཁོར། །རེ་གསུམ་
ལུང་གཞི་ན་
འོད་སྲུང་ཆེན་པོའི་རྣམ་ཐར་རོ། །༼དཱ༽རེ་བཞི་རྒྱལ་པོ་ནོར་
ནོར་བཟང་རྟོགས་བརྗོད་དང་སྨན་གཞི་ན་
བཟང་འཁོར་ལོ་བསྒྱུར། །༼དྷྱ༽རེ་ལྔ་ཐུབ་པ་རྭ་གཅིག་
ལུང་དབྱེན་འདུམ་ན་
སྔོན་བྱུང་བསྟན། །༼པྲ༽རེ་དྲུག་གཞོན་ནུ་སྙན་ངག་
ལུང་དབྱེན་འདུམ་ན་
མཁན་གྱུར་ཚུལ། །རེ་བདུན་དགེ་འདུན་
ལུང་གཞིའི་བམ་པོ་དགུ་ན་
སྲུང་གིས་དམྱལ་བ་གཟིགས། །རེ་བརྒྱད་པདྨ་ལྡན་དང་ཚངས་བྱིན་རབས། །རེ་དགུ་ཆོས་ཀྱི་རྒྱལ་པོ་
དེ་ཉིད་ཀྱི་རྣམ་ཐར་ན་
རབ་གནས་སོ། །བདུན་ཅུ་ཉི་མ་གུང་པས་
ཕྲན་ཚེགས་བམ་པོ་སར་ན་
ཁ་ཆེར་བཞུགས། །དོན་གཅིག་ཤ་ནའི་གོས་ཅན་
ལུང་ཕྲན་ཚེགས་ན་
བསྟན་པའི་བདག །དོན་གཉིས་
མཛངས་བླུན་དང་ཕྲན་ཚེགས་ན་
ཉེར་སྦས་བསྟན་པའི་བདག་པོར་གྱུར། །དོན་གསུམ་ཀླུ་ལ་སྤྲིང་ཡིག་
ལུང་ཕྲན་ཚེགས་ན་
ཚོང་ཟོང་ཕུལ། །དོན་བཞི་མྱ་ངན་མེད་པས་
དེ་ཉིད་ཀྱི་རྣམ་ཐར་ན་
ས་གཞི་ཕུལ། །དོན་ལྔ་རྟེན་འབྲེལ་བཅུ་གཉིས་སྒོམས་ཤིག་གསུངས། །དོན་དྲུག་རྒྱལ་ངན་བེ་དུ་ར་ཡི་སྐབས། །དོན་བདུན་ཀེ་ནེ་
ལུང་གཞི་ན་
ཡ་ཀས་ཡང་སྲིད་སྤངས། །དོན་བརྒྱད་བརྒྱ་བྱིན་ལྟུང་བའི་འཇིགས་
སྣ་ཚོགས་མདོ་སྡེ་ན་
ལས་བསྐྱབས། །༼དཱ༽དོན་དགུ་དབང་ཆེན་སྡེ་
སྣ་ཚོགས་མདོ་སྡེ་ན་
དང་འཚོ་བ་བདེ། །བརྒྱད་ཅུ་རབ་བཟང་རབ་
ཕྲན་ཚེགས་ན་
དགའ་གདུལ་