R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 301
[A:301]སྒྲུབ་ཐབས་བ་རི་བའི་འགྱུར། མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ་དཀར་པོ་ཞལ་གསུམ་ཕྱག་བཞི་པའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། འཇམ་དཔལ་རྡོ་རྗེ་དཀར་པོ་དཔའ་བོ་གཅིག་པ་ཕྱག་གཉིས་པའི་སྒྲུབ་ཐབས་བ་རི་བའི་འགྱུར། འཇམ་དཔལ་ཤེས་རབ་འཁོར་ལོ་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་འགྱུར་གོང་འདྲ། འཕྲལ་དུ་ཉམས་སུ་མྱོང་བའི་འཇམ་དཔལ་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་འགྱུར་གོང་འདྲ། གཤིན་རྗེ་གཤེད་ནག་པོ་གདོང་དྲུག་པའི་སྒྲུབ་ཐབས་འགྱུར་གོང་འདྲ། གཤིན་རྗེ་གཤེད་ནག་པོ་ཕྱག་གཉིས་པའི་སྒྲུབ་ཐབས་འགྱུར་གོང་འདྲ། གཤིན་རྗེ་གཤེད་དགྲ་ནག་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་འགྱུར་གོང་འདྲ། རྡོ་རྗེ་ཆོས་བནྡྷུ་ཀའི་མེ་ཏོག་མདངས་ཅན་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་ཛ་ན་པ་ཏྲས་མཛད་པ་འགྱུར་གོང་འདྲ། སེང་གེ་སྒྲ་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་དོན་ཡོད་རྡོ་རྗེ་དང་བ་རི་བའི་འགྱུར། ཧ་ལ་ཧ་ལ་དཀར་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་སློབ་དཔོན་ལྷན་སྐྱེས་རོལ་པས་མཛད་པ་དོན་ཡོད་རྡོ་རྗེ་དང་བ་རིའི་འགྱུར།
འདི་དང་འོག་གི་ཧ་ལ་ཧ་ལ་ལ་རྗེས་གནང་གཅིག །
ཁ་སརྤཱ་ཎི་དཀར་པོ་ཕྱག་གཉིས་པ་ལྷ་ལྔའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། ཡི་གེ་དྲུག་པ་དཀར་པོ་ཕྱག་བཞི་པ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་དཔལ་ལྡན་ལྷན་སྐྱེས་རོལ་པས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་སྤྱན་རས་གཟིགས་དཀར་པོ་ཕྱག་དྲུག་པའི་སྒྲུབ་ཐབས་སངས་རྒྱས་ཀྱིས་གསུངས་པ་ལོ་པཎ་གོང་འདྲའི་འགྱུར། ཧ་ལ་ཧ་ལ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་ལྷན་སྐྱེས་རོལ་པས་མཛད་པ་ལོ་པཎ་གོང་འདྲའི་འགྱུར། པདྨ་གར་དབང་དམར་པོ་ཕྱག་གཉིས་པ་གཙོ་འཁོར་དགུ་པའི་སྒྲུབ་ཐབས་སངས་