R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 306
[A:306]ཐབས་ལོ་པཎ་གོང་འདྲའི་འགྱུར། མདོར་བསྡུས་པའི་རྡོ་རྗེ་ཕག་མོ་དམར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར། རིག་བྱེད་མ་དམར་མོ་ཕྱག་བཞི་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར།
རྗེས་གནང་གོང་དུ་སོང༌།
སྒྲོལ་མ་དཀར་མོ་ཉེ་བར་སྟོན་པའི་སྒྲོལ་མ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས་ལོ་པཎ་གོང་འདྲའི་འགྱུར་རྣམས་ལས་རྗེས་གནང་བདུན་ཅུ་དོན་བརྒྱད་དུ་མཛད་པ་ལུང་གསུམ་གྱིས་འཆིང་བའི་ལུགས་བསྐུར་ཆོག་མུས་ཆེན་སངས་རྒྱས་རྒྱལ་མཚན་པའི་སྟེང་ནས་རྗེས་གནང་ཐོབ། ལུང་དབུ་ཚུགས་ཙམ། ས་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱི་ཞབས་དྲུང་དུ་ཐོབ། རྗེས་གནང་དགུ་བཅུ་གོ་གཉིས་སུ་མཛད་པའི་ལུགས་ཀྱི་བསྐུར་ཆོག་ཀུན་མཁྱེན་རྡོ་རྗེ་གདན་པས་མཛད་པའི་སྟེང་ནས་བུམ་དབང་ཡོད་པའི་རྗེས་གནང་དང་ལུང་ཐོབ་པའི་བརྒྱུད་པ་གོང་དུ་གསལ། རྒྱ་གཞུང་འདི་དག་གི་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆུང་བ། བ་རི་ལོ་ཙཱ་རིན་ཆེན་གྲགས། ས་ཆེན། རྩེ་མོ། གྲགས་པ། ས་པཎྜི་ཏ། ཚོགས་སྒོམ་པ། ཉན་ཆེན་པ། བསོད་ནམས་སྐྱབས། གཟུངས་ཀྱི་དཔལ། ཡང་ན་ས་པཎ། འགྲོ་མགོན་ཆོས་རྒྱལ་འཕགས་པ། སྐྱོབ་པ་དཔལ། བག་སྟོན་པ། ཚུལ་རྒྱལ་བ། སྦྱིན་པ་དཔལ། མཁན་ཆེན་བསོད་ནམས་རིན་ཆེན། བཀའ་བཞི་བ་བཀྲ་ཤིས་བཟང་པོ། རས་ཆེན་ཟླ་བ་རྒྱལ་མཚན། མཁྱེན་རབ་རིན་ཆེན་མཆོག་གྲུབ། ཤཱཀྱ་དོན་གྲུབ། ཀུན་དགའ་ལེགས་གྲུབ། བྱམས་པ་ཆོས་ཀྱི་གྲགས་པ། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། ཡང་ན་སྔགས་འཆང་གཟུངས་ཀྱི་དཔལ། དཔལ་ལྡན་ཚུལ་ཁྲིམས། ཡེ་ཤེས་རྒྱལ་མཚན། ངོར་ཆེན། ཀུན་དགའ་དབང་ཕྱུག །རཏྣ་ཝརྟ། དཀོན་མཆོག་ལྷུན་གྲུབ། དཀོན་