R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 308
[A:308]འཇིག་རྟེན་དབང་ཕྱུག་ཁ་སརྤཱ་ཎི་དཀར་པོ་ཕྱག་གཉིས་པའི་ལྷ་ལྔའི་སྒྲུབ་ཐབས་སློབ་དཔོན་རྙོག་པ་མེད་པས་མཛད་པ། པོ་ཏ་ལ་ཀེ་ཁ་སརྤཱ་ཎི་ལྷ་ལྔའི་སྒྲུབ་ཐབས་པདྨ་འབྱུང་གནས་བློ་གྲོས་ཞབས་ཀྱིས་མཛད་པ། སློབ་དཔོན་དགེ་བྱེད་
བདེ་བྱེད་ཟེར་བའང་འདུག་
ཀྱིས་མཛད་པའི་ཁ་སརྤཱ་ཎི་ལྷ་ལྔའི་སྒྲུབ་ཐབས། དཔལ་ལྡན་མཁའ་སྤྱོད་འཇིག་རྟེན་དབང་ཕྱུག་ལྷ་ལྔའི་སྒྲུབ་ཐབས་ཨ་ནུ་ས་མ་རཀྵི་ཏས་ཅུང་ཟད་རྒྱས་པར་མཛད།
དེ་བཞི་ལ་རྗེས་གནང་གཅིག །
དཔལ་ལྡན་མཁའ་སྤྱོད་ཁ་སརྤཱ་ཎི་དཀར་པོ་ཕྱག་གཉིས་པ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས། སེང་གེ་སྒྲའི་སྒྲུབ་ཐབས་པཎྜི་ཏ་ཨ་བ་དྷཱུ་ཏཱི་དཔལ་ལྡན་གཉིས་མེད་རྡོ་རྗེའི་ཞབས་ཀྱིས་མཛད་པ། འཇིག་རྟེན་མགོན་པོ་དཀར་པོ་ཕྱག་གཉིས་པ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་དཀར་པོ་ཕྱག་གཉིས་གཙོ་རྐྱང་གི་སྒྲུབ་ཐབས། སེང་གེ་སྒྲའི་སྒྲུབ་ཐབས། འཕགས་པ་སེང་གེ་སྒྲའི་སྒྲུབ་ཐབས། དཔལ་ལྡན་སེང་གེ་སྒྲའི་སྒྲུབ་ཐབས།
གོང་གི་སེང་གེ་སྒྲ་དང་འདི་གསུམ་ལ་རྗེས་གནང་གཅིག །
ཧ་ལ་ཧ་ལ་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་གཙོ་འཁཽར་གཉིས་པའི་སྒྲུབ་ཐབས། ཡང༌། དེའི་སྒྲུབ་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ།
དེ་གཉིས་ལ་རྗེས་གནང་གཅིག་ཟེར་ཡང་སོ་སོར་མཛད་པ་མང༌།
རྡོ་རྗེ་ཆོས་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་ཡབ་ཡུམ་གཉིས་ཀྱི་སྒྲུབ་ཐབས་ཆོ་ག་བསྡུས་པ། འཇིག་རྟེན་མགོན་པོ་པདྨ་གར་གྱི་དབང་ཕྱུག་དམར་པོ་ཕྱག་གཉིས་པ་ལྷ་དགུའི་སྒྲུབ་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། པདྨ་གར་གྱི་དབང་ཕྱུག་དམར་པོ་ཕྱག་བཅོ་བརྒྱད་པ་ལྷ་ལྔའི་སྒྲུབ་ཐབས། ཧ་རི་ཧ་རི་ལ་ཞོན་པར་གྱུར་པ་དཀར་པོ་ཕྱག་དྲུག་པའི་སྒྲུབ་ཐབས། ཡང༌། དེའི་སྒྲུབ་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ།
དེ་གཉིས་ལ་རྗེས་