R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 312
[A:312]རབ་འཕེལ་དཀར་པོ་ཕྱག་གཉིས་པའི་ཆོ་ག །མཚན་ཡང་དག་པར་བརྗོད་པའི་མན་ངག་ཤེས་རབ་འཁོར་ལོའི་དངོས་གྲུབ་མཆོག་ཐོབ་པ་དཀར་པོ་ཕྱག་གཉིས་པའི་སྒྲུབ་ཐབས། ཆོས་ཀྱི་དུང་གི་ཏིང་ངེ་འཛིན་གྱི་འཇམ་དཔལ་གྱི་སྒྲུབ་ཐབས། མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ་དམར་པོ་ཞལ་གསུམ་ཕྱག་བཞི་པའི་སྒྲུབ་ཐབས། འཇམ་པའི་རྡོ་རྗེ་དམར་སེར་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས། ཡི་གེ་གཅིག་པའི་རབ་ཏུ་སྦྱོར་བ།
རྗེས་གནང་གོང་དུ་སོང༌།
གཏུམ་པོ་ཆེན་པོ་སྔོན་པོ་ཕྱག་གཉིས་པའི་སྒྲུབ་ཐབས་ཆོ་ག་དང་བཅས་པ་སློབ་དཔོན་འོད་ཟེར་འབྱུང་གནས་གྲགས་པས་མཛད་པ། ཡང༌། གཏུམ་པོ་ཆེན་པོའི་སྒྲུབ་ཐབས་གསུམ།
དེ་བཞི་ལ་རྗེས་གནང་གཅིག །
འཕགས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་གཙོ་འཁོར་གསུམ་མའི་སྒྲུབ་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། སྒྲོལ་མ་ཆེན་མོ་སྔོན་མོ་ཕྱག་གཉིས་མའི་སྒྲུབ་ཐབས།
འདི་དང་འོག་གི་དབང་བྱེད་སྒྲོལ་མ་ལ་རྗེས་གནང་གཅིག །
མཆོག་སྦྱིན་སྒྲོལ་མ་ལྗང་གུ་ཕྱག་གཉིས་མ་ལྷ་ལྔའི་སྒྲུབ་ཐབས། དབང་དུ་བྱེད་པའི་སྒྲོལ་མ་ཕྱག་གཉིས་མའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་མྱུ་གུས་མཛད་པ། རྡོ་རྗེ་སྒྲོལ་མ་སེར་མོ་ཞལ་བཞི་ཕྱག་བརྒྱད་མ་ལྷ་བཅུ་གཅིག་གི་སྒྲུབ་ཐབས་གཉིས།
དེ་གཉིས་དང༌། འོག་གི་ཆོས་འབྱུང་བློ་གྲོས་དང་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་སྟེ་བཞི་ལ་རྗེས་གནང་གཅིག །
སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྡོ་རྗེ་སྒྲོལ་མ་དཀར་མོ་ཕྱག་གཉིས་མ་གཙོ་རྐྱང་གི་སྒྲུབ་ཐབས། པཎྜི་ཏ་ཆོས་འབྱུང་བློ་གྲོས་ཀྱིས་མཛད་པའི་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། ཡང་དེའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱིས་མཛད་པ། རྡོ་རྗེ་སྒྲོལ་མ་ལྗང་གུ་ཕྱག་གཉིས་མ་གཙོ་འཁོར་ལྔ་པའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་དཔེ་མེད་བསྲུང་གིས་