R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 315
[A:315]གཙོ་འཁོར་གཉིས་ཀྱི་སྒྲུབ་ཐབས།
འདི་དང་འོག་གི་འོད་ཟེར་ཅན་དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་མ་བཞི་ལ་རྗེས་གནང་གཅིག །
འོད་ཟེར་ཅན་སེར་མོ་ཞལ་གསུམ་ཕྱག་བརྒྱད་མ་ལྷ་ལྔའི་སྒྲུབ་ཐབས། ཨཽ་ཌི་ཡ་ནའི་འོད་ཟེར་ཅན་དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་མའི་སྒྲུབ་ཐབས། ཡང་དེའི་སྒྲུབ་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཡང་ཨཽ་ཌི་ཡ་ནའི་རང་བྱིན་གྱིས་བརླབ་པའི་རིམ་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། མྱ་ངན་མེད་པའི་འོད་ཟེར་ཅན་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་སེར་མོ་ཞལ་གསུམ་ཕྱག་བརྒྱད་མ་ལྷ་ལྔ་མའི་སྒྲུབ་ཐབས་སློབ་དཔོན་སྙིང་པོའི་ཞབས་ཀྱིས་མཛད་པ། འོད་ཟེར་ཅན་དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་མའི་སྒྲུབ་ཐབས། འོད་ཟེར་ཅན་པི་ཙུ་བ་ཞལ་གསུམ་ཕྱག་བརྒྱད་མའི་སྒྲུབ་ཐབས། ཁྲོ་མོ་ཆེན་མོ་འོད་ཟེར་ཅན་སེར་མོ་ཞལ་གསུམ་ཕྱག་བཅུ་གཉིས་མ་གཙོ་འཁོར་གཉིས་པའི་སྒྲུབ་ཐབས། འོད་ཟེར་ཅན་གྱི་སྒྲུབ་ཐབས་མདོར་བསྡུས་པ། དེའི་གཟུངས་བཀླག་པའི་མན་ངག །
དེ་གཉིས་ལ་རྗེས་གནང་མེད།
རི་ཁྲོད་ལོ་མ་གྱོན་མ་སེར་མོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས། ལོ་མ་གྱོན་མ་ལྗང་གུ་ཞལ་གསུམ་ཕྱག་དྲུག་མའི་སྒྲུབ་ཐབས། འཕགས་པ་རི་ཁྲོད་ལོ་མ་གྱོན་མ་ཅན་གྱི་གཟུངས།
རྗེས་གནང་མེད།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས།
འདི་དང་གཤམ་གྱི་ཤེར་ཕྱིན་དཀར་མོ་གཉིས་ཏེ་གསུམ་ལ་རྗེས་གནང་གཅིག
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས།
དེ་དང་འོག་གི་གསུམ་སྟེ་བཞི་ལ་རྗེས་གནང་གཅིག །
དེའི་སྒྲུབ་ཐབས་མདོར་བསྡུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཀར་མོ་ཞལ་གཅིག་ཕྱག་གཉིས་མའི་སྒྲུབ་ཐབས་སློབ་དཔོན་དགེ་འདུན་བྱིན་གྱི་བུས་མཛད་པ། ཡང་དེའི་སྒྲུབ་ཐབས་