R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 317
[A:317]སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཡང་ཀུ་རུ་ཀུལླེའི་དབང་དུ་བྱེད་པའི་མན་ངག །ཡང༌། རིག་བྱེད་མའི་སྒྲུབ་ཐབས། དཔལ་ལྡན་འཕགས་མ་རིག་བྱེད་མའི་སྒྲུབ་ཐབས། ཨཽ་ཌི་ཡ་ན་ནས་བྱུང་བའི་རིག་བྱེད་མ་ཕྱག་བཞི་མའི་སྒྲུབ་ཐབས།
འདི་དང༌།
ཡང༌། ཀྱེ་རྡོ་རྗེའི་རྒྱུད་ལས་རང་བྱིན་གྱིས་བརླབ་པའི་རིམ་པའི་རིག་བྱེད་མའི་སྒྲུབ་ཐབས་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཡང་ཀྱེ་རྡོ་རྗེའི་རིམ་པ་ལས་ཀུ་རུ་ཀུལླེ་རིག་བྱེད་མའི་སྒྲུབ་ཐབས། ཡང༌། ཀུུ་རུུ་ཀུལླེའི་སྒྲུབ་ཐབས་ཀྱེ་རྡོ་རྗེའི་རྒྱུད་ལས་བྱུང་བ་སྙན་ངག་མཁན་ཆེན་པོ་བརྩེ་བ་ཅན་ཞེས་པས་ཚིགས་སུ་བཅད་དེ་སྡེབས་པ།
དེ་བཞི་ལ་རྗེས་གནང་གཅིག །
རྗེ་བཙུན་ཀུུ་རུུ་ཀུལླེ་ཕྱག་དྲུག་མའི་སྒྲུབ་ཐབས། རིག་བྱེད་མ་ཕྱག་དྲུག་མའི་སྒྲུབ་ཐབས།
དེ་གཉིས་ལ་རྗེས་གནང་གཅིག །
ཀུུ་རུུ་ཀུལླེ་ཕྱག་བརྒྱད་མ་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་ཨིནྡྲ་བྷུ་ཏཱིའི་ཞབས་ཀྱིས་མཛད་པ། སྔགས་པ་དང་བུད་མེད་དབང་དུ་བྱེད་པ་ཀུུ་རུ་ཀུལླེའི་སྒྲུབ་ཐབས།
རྗེས་གནང་མེད།
རིག་བྱེད་མའི་མན་ངག་གི་རིམ་པ་ཀུུ་རུུ་ཀུལླེ་དཀར་མོ་ཕྱག་གཉིས་མའི་སྒྲུབ་ཐབས། དཔལ་ལྡན་སྒྱུ་འཕྲུལ་དྲ་བ་རྣལ་འབྱོར་གྱི་རྒྱུད་ཆེན་པོ་སྟོང་ཕྲག་བཅུ་དྲུག་པ་ལས་བྱུང་བའི་ཀུུ་རུུ་ཀུལླེ་དཀར་མོ་ཕྱག་དྲུག་མའི་སྒྲུབ་ཐབས་སློབ་དཔོན་ནག་པོའི་ཞབས་ཀྱིས་མཛད་པ། ཀུུ་རུུ་ཀུལླེ་དམར་མོ་
རྗེས་གནང་མི་མཛད་པའང་སྣང་
ཕྱག་བཞི་མ་རིའི་ཕུག་ན་བཞུགས་པའི་སྒྲུབ་ཐབས།
དེ་གཉིས་མཁྱེན་བརྩེ་ཐར་རྩེ་ཤར་པའི་གསན་ཡིག་ན་མེད་པ་ཆད་འདྲ་ཞེས་རྒྱལ་དབང་གསུང༌།
རྟོག་པ་ལས་གསུངས་པའི་ཀུུ་རུུ་ཀུལླེ་ཕྱག་བཞི་མའི་སྒྲུབ་ཐབས། ཀུུ་རུུ་ཀུལླེའི་ལས་རབ་ཏུ་རྐྱང་བའི་སྦྱོར་བ།
དེ་གཉིས་ལ་རྗེས་གནང་ཟུར་དུ་མེད།
གཙུག་ཏོར་རྣམ་པར་རྒྱལ་མ་གཙོ་རྐྱང་གི་སྒྲུབ་ཐབས། འཕགས་མ་གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་ཞལ་གསུམ་ཕྱག་དྲུག་མའི་