R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 29
[A:29]བ་དགོས་པ་ཅན་དང༌། སྒྲུབ་པའི་ལུང་སྦྱིན་ཏེ་དེ་དག་གི་བྱིན་བརླབས་དང༌། རྣལ་འབྱོར་དབང་ཕྱུག་གི་དགོངས་པ་གང་ཟག་རབ་ཐའི་ཉམས་ལེན་མངོན་རྟོགས་སྐད་ཅིག་མས་བསྐྱེད་པ་འཛིན་ཆོས་རྣམས་ཉམས་ལེན་སྙན་བརྒྱུད་བཞི་ལྡན་དམར་ཁྲིད་དུ་ཐོབ་པ་དང༌། གཞུང་རྡོ་རྗེ་ཚིག་རྐང་གི་བཤད་པ་མན་ངག་བཤད་མཛོད་ཀྱི་སྟེང་ནས་འཛིན་ཆོས་སུ་ཐོབ་པ་དང་
དེའི་ས་གཞུང་སྤྲོད་པ་མཁྱེན་རྩེ་ཚེ་དབང་ཀུན་མཁྱེན་གྱིས་མཛད་པ་རྣམས་སོ། །
དེ་དག་གི་ཁྲིད་ཚུལ་གྱི་རྣམ་གྲངས་ཉི་གླིང་རྗེའི་གསུང་ནི། ཇི་ལྟ་གནད་དྲུག་རབ་འབྲིང་བཅུ་གཅིག་ལ། །རིམ་བཞིན་ཀླུ་༨འབྱུང་༥མཚམས་༦གཟུགས་༡ཉི་ཤུའོ། །ལམ་ཟབ་འབྲིང་བསྡུས་འཁོར་འདས་ངོ་སྦས་དྲུག །བརྡའ་དོན་གསུམ་སྟེ་ཁྲིད་ཚུལ་ཉེར་དགུའོ། །དེ་དག་གི་ཐུན་གྲངས་ནི། ཇི་ལྟ་མིག་༡༢༢ཉི་གནད་དྲུག་ལག་༡༥༢པ་ཚེས། །རབ་འབྲིང་མེ་༦༣རོ་བཅུ་གཅིག་བགྲོད་པ་༤༢ཆུ། །ལམ་ཟབ་རིག་བྱེད་༤འབྲིང་པོ་རྒྱལ་༢༤བ་དང༌། །བསྡུས་པ་བསེ་༡རུ་འཁོར་འདས་གཟུགས་༥༡དབང་པོ། །ངོ་སྤྲོད་ཡོན་ཏན་༣སྦས་བཤད་འབྱུང་༥བ་སྟེ། །དེ་རྣམས་སྡོམས་ན་རི་༤རོ་༦རྒྱ་མཚོ་༧ཡིན། །ཀུན་གྱི་སྔོན་འགྲོར་ཐུན་གསུམ་རྗེས་ཆོས་གསུམ། ཁྲིད་ཚུལ་རྣམས་ཀྱི་ཐུན་གྱི་ངེས་པའོ། །བརྡའ་དོན་གསལ་བར་ཐུན་དུ་ཡོད་སླར་དཔྱད། །རྡོ་རྗེ་ཚིག་རྐང་ལ་ཚེག་བར་དགུ་པར་བྱས་པའི་ཤླཽ་ཀ་དྲུག་ཅུ་རེ་བརྒྱད་ཡོད་ཅེས་སོ། །ལུང་ཐོབ་པའི་སྐོར་ལ། ལམ་འབྲས་གླེགས་བམ། གུད་དུ་གསུངས་པ་དབང་ཆུ་སོགས། ཕྲ་མོ་གླེགས་བམ་ལ་གོང་མ་ལྔ་དང༌། རྗེས་འབྲང་ཉེར་གསུམ། ཟུར་གསུངས་ཡི་གེ་བཞི། སྒོ་དྲུག་ཆོས་འབྲེལ། སྤོད་ནག་མ། ལམ་སྐོར་ཕྱི་མ་བརྒྱད། འཕགས་པ་རིན་པོ་ཆེའི་རྡོ་རྗེ་ཚིག་རྐང་འགྲེལ་པ། ཐེག་ཆེན་པའི་ལམ་བསྡུས་དབང་རྒྱས་འབྲིང་བསྡུས་གསུམ་ལེན་པ་དང་ལམ་འབྲས་གསོལ་