R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 324
[A:324]༼ད༽ ༈ དཔལ་ལྡན་ས་སྐྱ་པའི་བཀའ་འབུམ་ཐོབ་པའི་སྐོར་ལ། རྣལ་འབྱོར་གྱི་དབང་ཕྱུག་ལོངས་སྤྱོད་རྫོགས་པའི་སྐུ་དང་དབྱེར་མ་མཆིས་པ་ས་ཆེན་ཀུན་དགའ་སྙིང་པོ་དང༌། མི་ཐུབ་ཟླ་བའི་རྣམ་འཕྲུལ་འཇའ་ལུས་མཁའ་སྤྱོད་བརྙེས་པ་སློབ་དཔོན་བསོད་ནམས་རྩེ་མོ་དང༌། རྡོ་རྗེ་འཛིན་པའི་སྐྱེ་བ་བདུན་བརྒྱུད་མར་བྱོན་པའི་མཐའ་མ་རྗེ་བཙུན་གྲགས་པ་རྒྱལ་མཚན་དང༌། མངོན་དགའི་ཞིང་དུ་བདེ་གཤེགས་དྲི་མ་མེད་དཔལ་དུ་འཚང་རྒྱ་བ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དང༌། སྲིད་ཞིའི་གཙུག་ཏོར་མཛེས་རྒྱན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་རྣམས་ཀྱི་གསུང་རབ་དྲི་མ་མེད་པ་རྣམས། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་ཕྱག་དཔེ་གསུང་མཆན་ཕྱག་བྲིས་མ་པུསྟ་ཀ་དུམ་བུ་བཅུ་བཞིའི་ཞལ་བྱང་བཞིན་ལུང་རྫོགས་པར་ནོས་པའི་ཆོས་ཀྱི་རྣམ་གྲངས་ནི། ས་ཆེན་གྱི་བཀའ་འབུམ། ༼ཀ༽པ་ལ། རྣལ་འབྱོར་དབང་ཕྱུག་གི་བསྟོད་པ་༢། རྒྱུད་སྡེ་སྤྱིའི་རྣམ་པར་བཞག་པ་༡༠། བརྟག་གཉིས་ཀྱི་བསྡུས་དོན་༡༠། དཔལ་བརྟག་པ་གཉིས་པའི་ཊཱི་ཀ་༨༣། བརྟག་གཉིས་ཀྱི་བཀའ་འགྲེལ་དང་རྒྱུད་ཀྱི་ཐོ་ཡིག་༧༡། མཚོ་སྐྱེས་ཀྱི་ལོ་རྒྱུས་ཊཱི་ཀ་དང༌། སྒྲུབ་ཐབས་བསྡུས་དོན་༡༦། གླུ་བཤད་དང་རྩའི་མངོན་རྟོགས་༥། དེ་ཁོ་ན་ཉིད་བཅུའི་གསལ་བྱེད་༥། ཀྱེ་རྡོ་རྗེའི་ལུས་ཀྱི་དབང་
འདི་ལམ་འབྲས་ཁོངས་ཡིན་པས་ལྗགས་ལུང་མི་གནང་
ཆོག་༥། གདན་གྱི་རྣམ་དག་༣། ཀྱེ་རྡོ་རྗེའི་མངོན་རྟོགས་ཚིགས་བཅད་མ་༩། ཨུཥྞཱི་ཥ་དང་བྷ་ཡ་ནའི་བསྲུང་བཟློག་གི་ཆོ་ག་༥། གུར་གྱི་ཆིངས་༩། རྡོ་རྗེ་གུར་གྱི་ཟིན་བྲིས་༦། སཾ་པུ་ཊའི་དཀའ་འགྲེལ་༤༨། ཁ་སྦྱོར་རྒྱུད་ཕྱི་མའི་རྣམ་བཤད་༣༣། རྒྱུད་སྡེའི་དུམ་བུ་༡༡། བརྟག་གཉིས་རྡོ་རྗེའི་སྙིང་འགྲེལ་གྱི་ཡིག་སྣ་༣༧རྣམས་སོ། །
ཁྱོན་༣༦༧
༼ཁ༽པ་ལ། བདེ་མཆོག་རྩ་རྒྱུད་ཀྱི་ལེ་འགྲེལ་༡༠། བདེ་མཆོག་རྩ་རྒྱུད་ཀྱི་ཊཱི་