R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 329
[A:329]པ། རྡོ་རྗེ་སྒྲོལ་མའི་མན་ངག་༢༥། རྗེ་བཙུན་མ་སྒྲོལ་མའི་སྒྲུབ་ཐབས་ཡན་ལག་དྲུག་པ་༥། སྒྲོལ་མ་ཉིན་ཞི་མཚན་ཁྲོར་བསྒྲུབ་པ་༣། སྒྲོལ་མ་མཎྜལ་བཞིའི་ཕྱག་ལེན་༤། སྒྲོལ་མ་ཉི་ཤུ་རྩ་གཅིག་གི་ལས་ཚོགས་ཀྱི་བསྡུས་དོན་ཉི་མ་སྦས་པའི་རྒྱ་༦། མཆིམས་ཆོས་སེང་ལ་སྤྲིང་ཡིག་༢། ཀུ་རུ་ཀུལླེའི་སྒྲུབ་ཐབས་༣། ཚོགས་བདག་དམར་པོའི་སྒྲུབ་ཐབས་༣། དཔུང་བཟང་ཀྱི་མདོའི་འགྲེལ་པ་༦། སྒྲུབ་ཐབས་བརྒྱ་རྩའི་ཊཱྀ་ཀ་༩། བྱ་སྤྱོད་རིགས་གསུམ་རིགས་གཏད་ཀྱི་ཆོ་ག་༥། རྟེན་གསར་པ་བྱེད་པ་དང་རྙིང་པ་གསོ་བ་ཨརྒའི་ཆོ་ག་༢། ཆོས་སྤྱོད་རིན་ཆེན་ཕྲེང་བ་༡༤། གཏོར་མ་བརྒྱ་རྩ་༣། སྨན་སྤྱད་
༼དཔྱད་༽
རྒྱལ་པོའི་དཀོར་མཛོད་༧༡། ས་སྐྱ་པཎྜི་ཏའི་བཀའ་འབུམ། ༼ཛ༽པ་ལ། བླ་མ་དམ་པ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་འདེབས་པའི་རབ་བྱེད་གཉིས་༢། གདུང་རྒྱུད་རྣམ་པར་དག་པའི་དགེ་བསྙེན་གྲགས་པ་རྒྱལ་མཚན་ལ་བསྟོད་པ་༢། རྗེ་བཙུན་ཆེན་པོའི་རྣམ་ཐར་༡༡། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ལ་གསོལ་བ་གདབ་པ་༢། འཁོར་ལོ་བདེ་མཆོག་གི་བླ་མ་བརྒྱུད་པ་ལ་གསོལ་བ་གདབ་པ་༣། བླ་མའི་རྣལ་འབྱོར་གྱི་ཆོ་ག་ལིང་ཆུ་རྩེ་ཁབ་མ་༨། བླ་མའི་རྣལ་འབྱོར་གུ་ཤྲི་ཇོ་འབུམ་མ་༤
འདི་གཉིས་ལམ་འབྲས་ཁོངས་ཡིན་པས་ལྗགས་ལུང་མི་གནང༌།
ཕྱི་ནང་གསང་གསུམ་གྱི་མཎྜལ་འབུལ་ཚུལ་༢། ཁྱད་པར་དུ་འཕགས་པར་བསྟོད་པ་རྒྱ་ཆེར་འགྲེལ་པའི་ཁ་སྐོང་༥། བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་༢། བདེ་བར་གཤེགས་པ་ཁམས་གསུམ་གྱི་མགོན་པོ་ལ་གསོལ་བ་འདེབས་པ་ཚིགས་སུ་བཅད་པ་དགུ་པ་༢། བདེ་བར་གཤེགས་པའི་ཐུགས་རྗེ་ལ་བསྐུལ་བ་༣། སངས་རྒྱས་ལ་བསྟོད་པ་ཚིག་གི་ཕྲེང་བ་ཞེས་བྱ་བ་༢། འཕགས་པ་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་༢། ལྷ་སའི་བདེ་