R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 332
[A:332]བཅུ་པ། སྨྲས་པ་གཉིས་པ། རྒྱས་འབྲིང་བསྡུས་གསུམ་གྱི་ཉམས་ལེན་༢རྣམས་སོ། །
ཁྱོན་༢༧༣
༼ཉ༽པ་ལ། ཚད་མ་རིགས་པའི་གཏེར་༢༡། རིགས་གཏེར་རང་འགྲེལ་༡༦༨། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་༢༠། ཚིག་གཏེར་༡༡། སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི་ཆུན་པོ་༡༨། ཡི་གེའི་སྦྱོར་བ་༣། སྒྲའི་བསྟན་བཅོས་མཁས་པའི་ཁ་རྒྱན་༤། སྒྲ་ཉེ་བར་བསྡུས་པ་༢། སྒྲ་ལ་འཇུག་པའི་རྣམ་བཤད་དང༌། སྨྲ་སྒོའི་གནད་ཀྱི་གནས་བསྡུས་པ་༡༠། བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་པར་བཤད་པ་༡༡། རོལ་མོའི་བསྟན་བཅོས་དང་ཇི་ལྟར་དྲི་བའི་ཚུལ་༧། ཐུན་མོང་དང་བྱེ་བྲག་གི་བསྔོ་བ་༦རྣམས་སོ། །
ཁྱོན་༢༨༢
འཕགས་པ་རིན་པོ་ཆེའི་བཀའ་འབུམ་པོ་ཏི། ༼ཊ༽པ་ལ། ལམ་འབྲས་ཕྱག་མཆོད་༥། རྒྱུད་ཀྱི་བརྒྱུད་པའི་གསོལ་འདེབས་༣། བླ་མ་སྤྱི་བསྟོད་མུ་ཏིག་ཕྲེང་བ་༢། བློ་ཆེན་ལྡན་པ་དང༌། གང་གིས་སྔོན་དུ་བྱང་ཆུབ་སྙེས་
༼བརྙེས་༽
གྱུར་༢། ཚོགས་གཉིས་ཚོགས་ནི་རྫོགས་གྱུར་མ་དང༌། བསོད་ནམས་ཆུ་གཏེར་དབུས་སུ་ལེགས་འཁྲུངས་མ་༢། འགྲོ་ཀུན་གང་ལ་དགའི་ལམ་བསྟན་མ། ཐོས་པ་རྒྱ་མཚོ་༣། ཆོས་རྗེ་ས་པཎ་གྱིས་མཛད་པའི་གསོལ་འདེབས་
སྤྱོད་པ་རྣམ་དག་
ལ་སྤེལ་ནས་དེ་ཉིད་ལ་གསོལ་བ་འདེབས་པ་༢། བླ་མའི་གསོལ་འདེབས་སྤྱོད་པ་རྣམ་དག་ལ་སྤེལ་བ་༢། མཆོག་བརྒྱད་ལ་བསྟོད་པ། བླ་མ་ལ་གསོལ་བ་འདེབས་པའི་རབ་ཏུ་བྱེད་པའི་རྣམ་བཤད་༤། འཇམ་དཔལ་མི་གཡོ་བ། གྲྭ་ལྔ། རྡོ་རྗེ་གདན་པའི་ཆོས་དྲུག་རྣམས་ཀྱི་བརྒྱུད་པའི་གསོལ་འདེབས་༣། ཆོས་སྤྱོད་ཡན་ལག་བཅུ་པ་༢། རྡོ་རྗེ་འཇིགས་བྱེད་ཀྱི་བརྒྱུད་པའི་གསོལ་འདེབས་༤
འདིའི་མཇུག་ན་གཟུངས་འབུམ་ཡང་འདུག །
མཁྱེན་པའི་དཀྱིལ་འཁོར་མ་དང་ཆོས་སྤྱོད་བཅུ་པ་ལ་སྤེལ་བ་གང་ལ་སྲིད་དང་རྣམ་གྲོལ་མ་༣། མཎྜལ་གསོལ་གདབ། བླ་མའི་རྣལ་