R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 370
[A:370]དུ་ནི། གྲི་ལྕགས་སོལ་ཆེན། ནས། རྟེན་འཛུགས་པའི་མན་ངག་གོ །མཐའ་ཅན། མགོར། མངོན་སྤྱོད་བསད་ལས་གྲུབ་ན། འཁོར་ལོའི་མན་ངག །ནས། ནུས་མཐུ་ཡོང་མི་ཡོང་ཐེ་ཚོམ་མེད་དོ། །མཐའ་ཅན། མགོར། བླ་མ་ལ་ན་མོ། མགོན་པོ་མ་ཆུན་ན། སྔགས་རིང་བཟློག་ནས་བཟླ། ནས། སུ་བྱུང་བྱུང་ལ་མི་སྦྱིན་གསུང་ངོ༌། །མཐའ་ཅན། མགོར། ཏཱ་ར་ན་མོ། མགོན་པོའི་མན་ངག་ལ། དམིགས་པ་དང་སྔགས་བཟློག་སྟེ། ནས། ཐུགས་རྩིས་ཆེ་བ་ཡིན་ནོ། །མཐའ་ཅན། མགོར། ཏཱ་ར་ལ་ན་མོ། དཔལ་མགོན་པོ་གདོང་བཞི་པའི་མན་ངག །ལྷ་མོ། ནས། ཆོས་རྗེ་རིན་པོ་ཆེ་བསོད་ནམས་བརྒྱུད་པའོ། །མཐའ་ཅན། མགོར། ཞལ་བཞི་པ་པཎྜི་ཏ་འབུམ་ཕྲག་གསུམ་པ་ལ། གཉན་གྱིས་ཞུས་པའི། ནས། ཕྱག་དཔེ་གཉིས་མཐུན་པ་ལས་སོ། །མཐའ་ཅན། ༈ མགོར། བླ་མ་དང་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །གནོད་པ་བསྲུང་བ་དང༌། བར་ཆད་ཕྱིར་བཟློག །ནས། ཞང་མ་གཏོགས་པ་གཞན་ལ་མེད་ཅེས་གསུང་ངོ༌། །མཐའ་ཅན། མགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་མགོན་པོ་ཞལ་བཞི་པའི་གཏོར་ཆེན་བྱེད་པར་འདོད་པས། ནས། ཞེས་བརྒྱུད་པ་རྣམས་གསུང་ངོ༌། །མཐའ་ཅན། མགོར། ཏཱའ་ར་ན་མོ། ལས་མཐར་སྦྱིན་སྲེག་བྱ་བར་འདོད་པས། ནས། དྲག་པོའི་ལས་མཐར་བྱ་བའོ། །མཐའ་ཅན། མགོར། ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །གསང་བ་དབྱེ་བར་འདོད་པས། ནས། ས་སྐྱ་པ་ཆེན་པོ་ལས་བརྒྱུད་དེ་ཟབ་བོ། །མཐའ་ཅན། མགོར། དཔལ་མཧཱ་ཀཱ་ལ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་ཉམས་ཆག་གམ། ནས། རྒྱལ་མཚན་པ་ལས་བརྒྱུད་པའོའི། མཐའ་ཅན། མགོར། བླ་མ་དང་ནག་པོ་ཆེན་པོ་གདོང་བཞི་པ་ལ་ཕྱག་འཚལ་ལོ། །