R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 408
[A:408]གྲགས་པ། སྤྲུལ་སྐུ་ངག་དབང་དཀོན་མཆོག་ཉི་མ། དེས་བདག་གོ །ཆའི་རྟགས་ཅན་བརྒྱུད་པ། རྒྱལ་དབང་ཞབས། ངག་དབང་ཕྲིན་ལས། རྗེ་འཇམ་དབྱངས་གྲགས་པ་མན་འདྲའོ། ༈ །ཡང༌། གོང་གི་འཕྲོས། སྡེ་པའི་བརྟན་བཞུགས་དཔལ་ལྡན་ས་གསུམ་མ་ནས་བཟུང༌། སྐྱམ་པ་ངག་དབང་ཆོས་འཛིན་གྱི་ངོར་སྩལ་བའི་ཚེ་ཆང་གི་སྣོད་དངུལ་གྱི་པར་བུའི་ཁ་བྱང་བདུད་རྩི་འཁྱིལ་སྣོད་མ་རྣམས་ཀྱི་བརྒྱུད་པ་ནི། རྒྱལ་དབང་ཞབས། རྗེ་འཇམ་དབྱངས་གྲགས་པ་མན་འདྲའོ། ༈ །གཏོར་མ་སྣ་ཚོགས་སྐོར་ལ། བརྒྱ་རྩ་གསུམ། ཀླུ་གཏོར་ཆེ་ཆུང་གཉིས། དཀར་ཆབ་བཞི། དབུ་མཛད་ཀྱིས་ཞུས་པའི་བསུར་བསྔོ། བསངས་མཆོད་བཀྲ་ཤིས་འཁྱིལ་པ་རྣམས་ཀྱི་བརྒྱུད་པ། རྒྱལ་དབང་ཞབས། རྗེ་འཇམ་དབྱངས་བསྟན་འཛིན། དེས་བདག་གོ །གསོལ་མཆོད་སྐོར་ལ། ཇ་མཆོད་པད་རཀ་མདངས་འཕྲོག །རོ་བརྒྱ་གདའ་བ་གཉིས་ཀྱི་བརྒྱུད་པ། རྒྱལ་དབང་ཞབས། རྗེ་འཇམ་དབྱངས་གྲགས་པ། སྤྲུལ་སྐུ་ངག་དབང་དཀོན་མཆོག་ཉི་མ། །དེས་བདག་གོ །དཔལ་ལྡན་དུང་སྐྱོང་དབང་མོ། ༼ཀ༽གྲིབ་བཙན་བཅས་པའི་གསོལ་མཆོད་དོན་གཉིས་ལྷུན་གྲུབ། ༼ཀ༽ཞང་བློན་མཆོད་གཏོར་ནོར་བུའི་ཕྲེང་བ། ༼ཀ༽ཞང་བློན་གཏོར་འབུལ་བདུད་རྩིའི་བུམ་བཟང༌། ༼ཁ༽ཆོས་སྐྱོང་སྤྱིའི་གཏོར་བསྔོ། ༼ཀ༽ཆོས་སྐྱོང་ཉིད་ཀྱིས་ཞུས་པའི་རྒྱལ་གསོལ། ༼ཁ༽ཐང་ལྷའི་གསོལ་མཆོད་ཡིད་འཕྲོག་རབ་དཀར། ༼ཁ༽གནས་ཆུང་གསོལ་མཆོད་དྲི་མེད་ཐུབ་བསྟན། ༼ཁ༽དམ་ཅན་སྐྱེས་བུ་ཆེན་པོའི་མཆོད་གཏོར་མཐུ་སྟོབས་ནུས་པ། ༼ཁ༽རྡོ་རྗེ་དྲག་རྒྱལ་མའི་གཏོར་འབུལ། ༼ཁ༽གནས་ཆུང་བའི་གཏོར་འབུལ། ༼ཁ༽གནོད་སྦྱིན་བེག་ཙེ་ལྕམ་དྲལ་གྱི་སྤྱན་འདྲེན། ༼ཁ༽རྨ་ཆེན་སྤོམ་རའི་གསོལ་མཆོད། ༼ཁ༽གཙུག་ན་ནོར་བུ་འཆང་བའི་ཀླུའི་གསོལ་མཆོད་ཀླུ་རང་གིས་ཞུས་པ། ༼ཁ༽གནས་ཆུང་པར་ཕྲིན་བཅོལ་དམ་