R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 412
[A:412]ཟིན། ཉི་གླིང་རིན་པོ་ཆེའི་ཞབས་དྲུང་དུ་སྒྲ་མཚམས་སྦྱོར་ལྔ་པའི་རི་མོ་རྗེ་ཉིད་ཀྱིས་མཛད་པའི་སྟེང་ནས་ཞུས། དེ་སྐབས་སུ་ས་གཞོང་ལ་དུང་དཀར་དང་ཤ་ཤ་དྷ་ར་བྲིས་པའི་ས་གཉིས་སྤྲལ་
༼དཔྲལ་༽
བར་བྱུག་ཅིང་སྔགས་དེ་ཉིད་བརྗོད་པ་སྒྲ་དབང་ཞེས་པ་ཐོབ། རྗེ་བླ་མས་གྲྭ་ཐང་གནས་ཆུང་པ་ལ་གསན་ནོ། །སྡེབ་སྦྱོར་རིན་ཆེན་འབྱུང་གནས་དང༌། མེ་ཏོག་ཆུན་པོ་ནས་ལྕི་ཡང་ངོས་འཛིན་སོགས། མེ་ལོང་མ་ནས་སྙན་ངག་གི་ལྟོགས་ལྷ་སོད་ཙམ། དཔལ་ལྡན་འབྲས་སྤུངས་སུ་ཁ་དོག་དཀར་དམར་ལ་ཚད་མའི་སྙིང་འདོད་བསད་དོ། །དེ་ནས་མཁས་པར་གྲགས་པ་སྣ་ཚོགས་དྲུང་དུ། རྒྱུད་སྡེ་སོ་སོའི་དཀྱིལ་འཁོར་བྲི་ཐིག །ཤྲདྡྷ་ཀ་ར་ཝརྨའི་གཞུང་དང༌། སློབ་དཔོན་རྩེ་མོའི་དབང་ཆུ་ཆེན་མོ། དཀྱིལ་ཆོག་སོ་སོ། བུ་སྟོན་རིན་པོ་ཆེའི་རྡོར་དབྱིངས་ཐིག་རྩ་རྒྱས་པ་སོགས་ནས་བཤད་པ་དང་ལག་ལེན་མཐུན་པའི་མིང་ཐོགས་ཙམ་སྦྱངས། ཡིད་བཟོ་ནི་སྤྱིར་དེ་དག་ཐམས་ཅད་ལ་ཁྱབ་བྱེད་དུ་ཡོད་མོད། ཁྱད་པར་ཐོས་སྦྱངས་ལས་བྱུང་བའི་བསམ་སྒོམ་འཆད་རྩོད་རྩོམ་པ་དང༌། བསྐྱེད་རྫོགས་ལ་ཉམས་ལེན་ཅུང་ཟད་བྱས་པ་སྟེ། ཐོབ་ཡིག་བུམ་པ་བཟང་པོ་ལས་རིག་གནས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །། ༈ བདེ་བར་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱིས་གསུངས་པའི་ཆོས་ཉན་པ་ལ་ཕན་ཡོན་དཔག་ཏུ་མེད་པ་ཡོད་དེ། དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་མདོ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང༌། །མཐའ་མར་ཕྱིན་པར་འགྱུར་མ་ལགས། །ཞེས་དང༌། རྣམ་བཤད་རིག་པ་ལས། དད་པས་ཉན་པ་གང་གིས་ན། །མཐོ་རིས་དགའ་བའི་བསོད་ནམས་དང༌། །གང་གིས་མྱ་ངན་འདས་ཐོབ་པའི། །ཤེས་རབ་ས་བོན་བརྟས་པར་འགྱུར། །ཞེས་དང༌། སློབ་དཔོན་དཔའ་