R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 71
[A:71]ས་ན་པཱ་ད་
ཆོས་ཀྱི་རྗེ་རྡོ་རྗེ་གདན་པའི་ཞབས།
གུ་རུ་
བླ་མ་བློ་གྲོས་ཐོགས་མེད་
མ་ཏི་ཨཾ་ས་སོགས་སོ། ༈ །ལཱུ་ཧི་པའི་ལུགས་ཀྱི་རྫོགས་རིམ་བདེ་མཆོག་དཀར་པོ་ལྷན་སྐྱེས་ཀྱི་བྱིན་བརླབས་ཁ་ཆེ་པཎ་ཆེན་གྱི་ཟབ་ཆོས་འབེབས་ཆོག་ངོར་ཆེན་ཀུན་དགའ་བཟང་པོས་མཛད་པ་བྱིན་བརླབས་ཐོབ་པའི་བརྒྱུད་པ་ནི། ལཱུ་ཧི་པ། དཱ་རི་ཀ་པ། མཻ་ཏྲི་པ། ན་ཡ་ག་པ། གནྡྷ་པ། ཁ་ཆེ་པཎ་ཆེན། དཔྱལ་ཆོས་ཀྱི་བཟང་པོ། དཔྱལ་པདྨོ་ཅན་པ། རིག་པའི་རལ་གྲི། བྱང་ཆེན་པ། བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེས་རྡོར་བ། ཆོས་སྒོ་བ། བྲག་ཐོག་པ་ཆེན་པོ། རྗེ་བཙུན་ཀུན་དགའ་རྣམ་རྒྱལ། ཐུགས་སྲས་ཀུན་དགའ་རྒྱལ་པོ། རྗེ་ཚེ་དབང་བཀྲ་ཤིས། ཚར་ཆེན་ཆོས་རྗེ། རྗེ་མཁྱེན་བརྩེའི་དབང་ཕྱུག །རྗེ་དབང་ཕྱུག་རབ་བརྟན། རྗེ་མགོན་པོ་བསོད་ནམས་མཆོག་ལྡན། རྗེ་བཙུན་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་ལའོ། །ཡང༌། དཔྱལ་ཆོས་བཟང༌། རོང་པ་རྒྭ་ལོ། རྣམ་རྒྱལ་རྡོ་རྗེ། རོང་པ་ཤེར་སེང༌། བླ་མ་གཞོན་ཚུལ་བ། བླ་མ་ཚུལ་རྒྱལ། བྱ་བྲལ་བ་བསོད་རིན། སློབ་དཔོན་ཆོས་གྲགས། མཁན་ཆེན་རིན་ཆེན་རྒྱལ་བ། མཁན་ཆེན་སེང་གེ་དཔལ་བ། བྲག་ཐོག་པའོ། །སློབ་དཔོན་ནག་པོ་སྤྱོད་པའི་ལུགས་འཁོར་ལོ་བདེ་མཆོག །ལྷ་དྲུག་ཅུ་རྩ་གཉིས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་འཕགས་པ་རིན་པོ་ཆེའི་མངོན་དཀྱིལ་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། གསང་བའི་བདག་པོ། ས་ར་ཧ། ཀླུ་སྒྲུབ། ཤ་ར་བ། ལཱུ་ཧི་པ། དཱ་རི་ཀ་པ། དྲིལ་བུ་པ། རུས་སྦལ་ཞབས། ཛ་ལནྡྷ་ར། ནག་པོ་སྤྱོད་པ། གུ་ཧྱ་པ། རྣལ་རྒྱལ་ཞབས། ཏི་ལོ་པ། ནཱ་རོ་པ། ཕམ་ཐིང་པ་སྐུ་མཆེད། ཀློག་ཀྱ་ཤེས་རབ་བརྩེགས། མལ་གྱོ་བློ་གྲོས་གྲགས། བླ་མ་ས་ཆེན། སློབ་དཔོན་བསོད་རྩེ། རྡོ་རྗེ་འཛིན་པ་གྲགས་པ། ཆོས་རྗེ་ས་