R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 75
[A:75]ངག་འདོན་འཕགས་པས་མཛད་པའི་སྟེང་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། ཨ་བྷ་ཡཱ་ཀ་ར། སཱ་དྷུ་པུ་ཏྲ། ཤྲཱི་དྷ་ར། ས་མནྟ་ཤྲཱི། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ །རྭ་འབུམ་སེང༌། ཁམས་པ་ཤཱཀྱ་རྡོ་རྗེ། སློབ་དཔོན་སངས་རྒྱས་འབུམ། བླ་མ་འཕགས་པ་རིན་པོ་ཆེ། ལོ་མཆོག །བློ་ཆེན་སངས་རྒྱས་འབུམ། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། བདེ་བ་ཅན་པ་སེང་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ། བླ་མ་ཡོན་ཏན་རྒྱ་མཚོ། བླ་མ་ཨུརྒྱན་རྒྱལ་པོ། རྗེ་བསོད་ནམས་རྒྱལ་པོ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། གར་ཐིག་དབྱངས་སོགས་ཆོ་ག་ཕྱག་ལེན་མཐའ་དག་ལ་མི་འཇིགས་པའི་སྤོབས་པ་དགེ་བ་ཅན་བླ་མ་རྣམ་རྒྱལ་བཀྲ་ཤིས། དེས་བདག་ལའོ། །ཡང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་ནས་དཔལ་ནགས་རིན་བར་ལཱུ་ཧི་པ་བཞིན་ལས། དེ་ནས་བྲག་ཐོག་པ། རྡོ་རྗེ་གདན་པ་ནས་གོང་བཞིན་ནོ། །དཔལ་འཁོར་ལོ་བདེ་མཆོག་གི་བཤད་རྒྱུད་མཁའ་འགྲོ་རྒྱ་མཚོ་ལ་དཀྱིལ་འཁོར་བརྒྱ་དང་བཅུའམ། བརྒྱ་དང་བཞི་བཅུ་རྩ་གཉིས་གསུངས་པ་ལས། འདིར་འཁོར་ལོ་བཅུ་གཉིས། ལྷ་སྟོང་དང་དགུ་བརྒྱ་བརྒྱད་ཀྱིས་ལྷག་པའི་བཅུ་ཕྲག་ཅིག་དང་བཅས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར། བྲག་ཐོག་པ་བསོད་ནམས་བཟང་པོའི་མངོན་དཀྱིལ་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། མཁའ་འགྲོ་རྒྱ་མཚོའི་དབུས་གནས་རྡོ་རྗེ་འཆང༌། །མཐུ་སྟོབས་རྒྱ་མཚོ་ཕྱག་ན་རྡོ་རྗེ་འཛིན། །ཐུགས་རྗེ་རྒྱ་མཚོ་འཕགས་པ་སྤྱན་རས་གཟིགས། །དངོས་གྲུབ་རྒྱ་མཚོ་བརྙེས་པ་ཤ་