R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 86
[A:86]ལ། གཤིན་རྗེ་གཤེད་དགྲ་ནག་ལྷ་བཅུ་གསུམ་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། ཐེག་ཆེན་ཆོས་རྗེའི་མངོན་དཀྱིལ་ནས་དབང་བཞི་རྫོགས་པར་ལན་གཉིས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཏི་ལོ་པ། ནཱ་རོ་པ། པྲཛྙཱ་རཀྵི་ཏ། ཛེ་ཏ་རི་པ། རྭ་ལོ་བཛྲ་ཀཱིརྟི། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ །རྭ་འབུམ་སེང༌། རོང་པ་རྒྭ་ལོ། །རོང་པ་ཤེས་རབ་སེང་གེ །བླ་མ་དཔལ་ལྡན་པ། བུ་སྟོན་རིན་པོ་ཆེ། མཁན་ཆེན་རིན་ཆེན་རྣམ་རྒྱལ། མཁན་ཆེན་གྲགས་རྒྱལ་བ། བཟད་པ་རིན་རྒྱལ། བྲག་ཐོག་པ་ཆེན་པོ། རྡོ་རྗེ་གདན་པ་ཆེན་པོ། བླ་མ་བསོད་ནམས་མཆོག་ལྡན། འཁྲུལ་ཞིག་བློ་གྲོས་ཐོགས་མེད། རབ་འབྱམས་པ་དཔལ་ལྡན་དོན་གྲུབ། རྗེ་བསོད་ནམས་རྒྱལ་པོ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་ལའོ། །ཡང༌། བརྒྱུད་སྲོལ་གཅིག་ལ། འཇམ་དབྱངས། ཡེ་ཤེས་ཞབས། དཔལ་སྡེ་བ། དྲི་མེད་སྦས་པ། ཀརྞ་པ། ས་མནྟ་བྷ་ཏྲ། དཔལ་འཛིན། ཀ་ཡསྠ་པ། ཛྙཱ་ན་མི་ཏྲ། རཏྣ་ཀཱིརྟི། སེན་དྷ་པ། སེ་ན་ཤྲཱི། མེན་ཛ་གླིང་པ། བལ་པོ་ཐེག་ཆེན་ནོ། །རྭ་ལོ་ཙཱ་བ་ནས་སྔར་བཞིན་ནོ། །ལ་ལར་རྭ་ལོ་ཆད་འདུག་པ་ཁུངས་རྙེད་པས་འདིར་བཅུག་གོ །ཡང༌། གཤིན་རྗེ་གཤེད། ཡེ་ཤེས་མཁའ་འགྲོ་མ། ལཱ་ལི་ཏ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། དཱི་པཾ་ཀ་ར་རཀྵི་ཏ། རྭ་ལོ་ནས་གོང་བཞིན་ནོ། །གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མངོན་རྟོགས་འཕགས་པ་རིན་པོ་ཆེ་དང༌། དཀྱིལ་ཆོག་ཐེག་ཆེན་པའི་བདུད་རྩི་རོལ་མཚོའི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བིརྺ་པ། ནག་པོ་པ། ས་པ་ལི། ཤཱི་ལ་ཙཎྜ། དཱ་ན་ཤཱི་ལ། ཆོས་རྗེ་འཇམ་གསར། རྗེ་བཙུན་རྒྭ་ལོ། བླ་མ་ཤེས་རབ་སེང་གེ །བླ་མ་དཔལ་ལྡན་སེང་