[A:༣༣བ][...]Author Colophon, f. 33b4-6
༎བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སློབ་དཔོན་ཤན་ཏ་དེ་བས་མཛད་བཔ་རྫོགས་སོ༎ ༎རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཔལ་རྩེགས་ཀྱིས་ཁ་ཆེའི་དཔེ་ལས་ཞུ་སྟེ་གཏན་ལ་ཕབ་པ་ལས། སླད་ཀྱིས་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང །ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་རིན་ཆེན་བཟང་པོ་དང ། ཤཱཀྱ་བློ་གྲོས་ཀྱིས་ཡུལ་དབུས་ཀྱི་དཔེ་དང་འགྲེལ་པ་དང་འཐུན་པར་བཅོས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ༎ ཡང་དུས་ཕྱིས་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང ། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་དག་པར་བཅོས་ཤིང་བསྒྱུར་ཏེ་ལེགས་པར་གཏན་ལ་ཕབ་པའོ༎
Carving Colophon, ff. 33b6-34a7
༎༄༅། ། སྭསྟི༏
བླ་མ་མཆོག་གསུམ་ཡིད་དམ་བཀའ་སྲུངས་ཚོགས།
།ཕྱག་འོས་ཀུན་མཆོད་དེང་འདིར་བཀྲ་ཤིས་རྩོལ།
།འཇམ་དཔའི་དབྱངས་ཀྱིས་རྗེས་བཟུང་ཞི་བ་ལྷས།
།རྒྱལ་བའི་དགོངས་པ་མདོ་སྡེའི་བཅུད་སྡུས་ནས།
། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་ལ།
། འཇུག་པའི་གཞུང་ལུགས་ཐར་པའི་སྒོ་འཇེདའབྱེད་འདི།
།ཀུན་ལ་ཕན་ཕྱིར་རྩེབརྩེ་བས་སྤར་རུ་བཞེངས།
། རྒྱ་ཆེན་ཆོས་ཀྱི་སྦྱིན་པར་བཏང་པའི་མཐུས།
།ཕན་བདེའི་འབྱུང་གནས་བསྟན་པ་དར་བ་དང།
། བསྟན་པའི་སྟོབས་སྐྱེད་འགྲོ་ཀུན་