[A:༣༤ན]༄༅། །བདེ་ལ་འགོད །
།༏ཆོས་རྒྱལ་ཆེན་པོ་གྲགས་པ་རྒྱལ་མཚན་པ།
།ཞལ་ངོ་དཔོན་གཉེར་སྐུ་འཁམས་བཟང་པ་དང།
།བསྟན་ཇུས་ཡར་ངོའི་ཟླ་ལྟར་རབ་རྒྱས་ནས།
།རྒྱལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག
།ཕ་མས་གཙོ་བྱས་མཁའ་མཉམ་src: a tsheg seems to be missing between མཁའ་མཉམ་སེམས་ཅན་རྣམས།
།བདེ་ལྡན་ཞིང་དུ་རྫུས་ཏེ་སྐྱེ་བར་ཤོག
།ལྷག་བསམ་དད་ལྡན་སྦྱིན་བདག་གཞོན་ནུ་དཔལ།
།ནམ་མཁའི་མིང་ཅན་བུ་ཚོགས་མ་བཅས་རྣམས།
།ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པ་དང།
།དཔལ་འབྱོར་དབང་ཕྱུག་བཀྲ་ཤིས་རྒྱས་པར་ཤོག
།དད་པའི་གསལ་འདེབས་བཤེས་གཉེན་རིན་ཆེན་དཔལ།
།ཡི་གེ་པ་དང་སྐོས་མཁན་ལས་བྱེད་སོགས།
།ཡོན་མཆོད་ཐམས་ཅད་སངས་རྒྱས་ཐོབ་པར་ཤོག།
Wish Verses
༎ ༎ རྒྱ་གར་སྐད་དུ ། །རད་ན་དྲི་སྭ་སྟི་གཱ་ཐཱ། །བོད་སྐད་དུ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།
།ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད།
།ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་བརླབས་ཀྱིས།
།བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ།
།རྟག་དུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག
།ཆོས་ཉིད་བདེན་བའིཔའི་ཆོས་མཆོག་བླ་ན་མེད།
།དམ་ཆོས་བདུད་རྩི་བདེན་བའིཔའི་བྱིན་བརླབས་ཀྱིས།
།ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་འཕེལ་བ།
།རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག
།དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ།
།རྒྱལ་སྲས་ཕན་མཛད་བདེན་བའིཔའི་བྱིན་བརླབས་ཀྱིས།
།ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ།
།རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག
།ཚངས་དང་ལྷ་དབང་བསྲུངས་མའི་བྱིན་བརླབས་ཀྱིས།
།ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ།
།དབེ་ལེགས་བསམསབསམ་པ་ཡིད་བཞིན་འགྲུབ་པ་དང།
།ཚེ་རིང་ནད་མེད་བདེ་སྐྱིད་ལྡན་བརཔར་ཤོག
དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེས་པ་ལ་གསུངས་པ། རྫོགས་སྷོ༎ ༎རྒྱ་གར་གྱི་མཁན་པོ་འཛི་ན་མི་ཏྲ་དང། ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ༎ །ཕྱོགས་དུས་ཀུན་དུ་བཀྲ་ཤིས་འཕེལ་བར་ཤོག །
དགེ་བྱེད་ཞེས་བྱ་ཆུ་ཕོ་སྟག་གི་ལོ་ལ། ། མཆིང་རུ་དཔལ་གྱི་གནམ་འདུན་དུ་བསྒྲུབས་པའོ༎
།།ཡེ་དྷ་རྨཱ༔་ཧེ་ཏུ་པྲ་བྷ་རྦཱ་ཧེ་ཏུནྟེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་པ་དཏ།་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ།། །།མཾགྷལཾབྷཝཏུ།།