[A:༨༧] སྲིང་མོ་སྦྲུམ། ངོ་ཚ་ནས་ཤངས་ལ་འཐོན། རྟག་ནག་ཏུ་ཆགས། ལྷས་ར་གཅིག་ཏུ་བཙས་པའི་མིང་། མིང་སྲིང་ངོ་ཚ་མནོལ་བས་ཁུག་པ། ལྷས་སུ་བཙས་པས་ལྷས་བཙས་ཏེ། མགོས་ཁུག་པ་ལྷས་བཙས་ཞེས་ཡོངས་སུ་གྲགས་པ་དེའོ།
དེབ་སྔོན་ལས། རྟ་ནག་ཕུའི་ཁུག་པ་ཞེས་པར་བཙས་པས་ཁུག་པ་དང་། ལྷས་སྐྱབས་པས་ལྷས་བཙས་ཞེས་བྱ་བ་ཡིན་གྱི། སྔ་མ་དེ་ལྟར་དུ་འཆད་པ་བླུན་པོའི་གཏམ་མོ་ཞེས་བཤད། གང་ནའང་། བསྟན་པ་ཕྱི་དར་གྱི་ཆོས་ལོག་སུན་འབྱིན་པ་ལ། ལོ་ཆེན་རིན་བཟང་གི་རྗེས་ནས་འདི་བཀའ་དྲིན་ཆེ་བ་ཡིན་ཏེ། རབ་དབྱེ་ལས། དེ་དག་འདས་པའི་འོག་ཏུ་ཡང་༎ ཆོས་ལོག་འགའ་ཞིག་འཕེལ་བའི་རྒྱུས༎ ལྷས་བཙས་ཞེས་བྱའོ་ལོ་ཙཱ་བ༎ དེས་ཀྱང་སྔགས་ལོག་སུན་འབྱིན་པ༎ ཞེས་བྱའི་བསྟན་བཅོས་མཛད་ནས་ནི༎ ཆོས་དང་ཆོས་མིན་རྣམ་པར་དབྱེ༎ ཞེས་བཤད་པས་སོ།
དེ་ནས་འགྲོམ་(འབྲོམ) སྟོན་པ་སྔ་སྟེ། སུམ་སྟོང་བརྒྱ་དང་ཞེ་དགུ་འདས་པའི་ལྔ་བཅུ་པ་མེ་མོ་སྦྲུལ་
སྤྱི་ལོ་༡༠༡༧
ལ་འབྲོམ་སྟོན་པ་བལྟམས། ལོ་དེ་ནས་ལྔ་བརྒྱ་དང་ཞེ་བདུན་སོང་ཞིང་། ཕྱི་དར་ས་མོ་བྱ་ནས་དྲུག་ཅུ་རྩ་དགུ་ལོན། འདི་མར་པ་ལོ་ཙཱ་བས་ལོ་ལྔས་གཞོན།
རྒྱལ་བའི་བཀའ་ཐམས་ཅད་ཀྱི་སྙིང་པོ། སྐྱེས་བུ་གསུམ་གྱི་ལམ་རིམ། གདམས་ངག་ཏུ་དྲིལ་ནས་ཉམས་སུ་ལེན་པའི་བཀའ་གདམས་ཞེས་པའི་སྙན་གྲགས་ཅན་ཏེ་(དེ) ཁོང་གི་བཀའ་དྲིན་ལས་དར་བ་ཡིན་ལ། འདིའི་བརྒྱུད་འཛིན་ལ་ཕྱིས་བཀའ་གདམས་གཞུང་པ་དང་། གདམས་ངག་པ་གཉིས་སུ་གྲགས་ཏེ། དེང་སང་འདིའི་སློབ་མའི་གཙོ་བོ་ཐུགས་སྲས་སྐུ་མཆེད་གསུམ་ཞེས་