[A:༡༠༨]ཅད་ཁེངས་པ་ཙམ་འབྱུང་བར་སྣང་ངོ།
དེ་ལྟར་ཇོ་བོ་འདི་ཉིད་བོད་དུ་ཕེབས་པའི་ཚེ། པནྜི་ཏ་ཆེན་པོ་གཞན་ལ་ཕན་པ་དང་། བིརྱ་ཙནྡྲ་དང་། ཡེ་ཤེས་སྒྲོན་མ་སྟེ་པནྜི་ཏ་ཆེན་པོ་གསུམ།
རྒྱ་གར་ནུབ་ཕྱོགས་ཀྱི་བདག་པོ་རྒྱལ་པོ་སའི་སམ་ག་དང་། བོད་ཀྱི་ནག་ཚོ་སོགས་རྒྱ་བོད་ཀྱི་འཁོར་སུམ་ཅུ་རྩ་ལྔ་ཙམ་ཞིག། ཐོག་མར་མངའ་རིས་པད་མའི་གླིང་དང་། དེ་རྗེས་ཐོ་ལིང་གསེར་གྱི་ལྷ་ཁང་དུ་ཕེབས་སྟེ། རིམ་པས་དབུས་གཙང་དུ་བསྟན་པ་སྤེལ་བ་ཡིན། འདི་དག་གི་གཏམ་བྱ་ལ་མི་མཐུང་པ་དུ་མ་སྣང་ཡང་ཇོ་བོའི་འཁྲུངས་ལོ་ཤིང་རྟར་བྱས་པ་དང་བོད་དུ་དུས་ནམ་གྱི་ཚེ་ཕེབས་པ་ནི་དུས་གསལ་གཞིར་བཞག་པ་ཡིན། མངའ་རིས་དབུས་གཙང་དུ་ཇི་ལྟར་བཞུགས་པའི་ལོ་གྲངས་ནི་འབྲོམ་གྱི་ལམ་ཡིག་ཚད་མར་བྱས་ན། ལམ་ཡིག་དང་རྣམ་ཐར་འགའ་ཞིག་ལས་དགུང་ཟླ་ཆུ་ཕོ་རྟ་ལོ་པ་དང་། མངའ་རིས་སུ་ལོ་གསུམ་བཞུགས་པ་དང་། བུ་སྟོན་རིན་པོ་ཆེས། ཇོ་བོ་ག་ཡ་དྷ་རའི་སྔ་རོལ་དུ་བོད་དུ་ཕེབས་པ་དང་། དེབ་སྔོན་ལས། བསྟན་པ་བསྣུབས་པའི་ལྕགས་བྱ་ནས་ལོ་དོན་བདུན་བསྟན་པ་མེད། དོན་བརྒྱད་པ་ས་ཕོ་སྟག་ལ་ཕྱི་དར་བྱུང་། ཕྱི་དར་གྱི་ས་ཕོ་སྟག་ནས་ལོ་དྲུག་ཅུ་རྩ་ལྔ་པ་ཆུ་ཕོ་རྟ་ལ་ཇོ་བོ་བོད་དུ་བྱོན་
ཕྱི་དར་ས་ཕོ་སྟག་ནས། ཇོ་བོ་བྱོན་པའི་བར་ལ། ལོ་རེ་ལྔ་ལས་མ་སོང་བ་དང་དེའི་ཚེ་ལོ་ཆེན་རིན་བང་གྱ་ལྔ་པ་ཡིན་གསུངས་པ་མ་བརྟག་པ་སྟེ། ལོ་ཆེན་མ་འཁྲུངས་གོང་དུ་ཕྱི་དར་བྱོན་ནས་ལོ་མང་དག་སོང་འདུག་པའི་ཕྱིར་རོ་
དེའི་ཚེ་མར་པས་ལོ་སོ་གཅིག་དང་། འཁོན་དཀོན་མཆོག་རྒྱལ་པོས་ལོ་དགུ་ལོན་ཞེས་སོགས་བཤད་པས། ཧ་ཅང་མི་མཐུན་པ་ཆེན་པོ་འདུག་ཀྱང་།