[A:༡༡༧] དང་པོ་ནི། ཀླུ་སྒྲུབ་ལ་ཉེ་གནས་ན་ག་བོ་དྷི་ཏེ་ཀླུའི་བྱང་ཆུབ། ཤན་ཏ་དེ་བ་སྟེ་ཞི་བ་ལྷ། ཨཱརྱ་དེ་ཝ་སྟེ་འཕགས་པ་ལྷ་དང་གསུམ་ཡོད་པའི་ཀླུ་སྒྲུབ་ཀྱིས་རིགས་ཚོགས་རྣམས་ཨཱརྱ་དེ་ཝ་ལ་བཤད། དེས་ཟླ་གྲགས་ལ་བཤད་དོ།
གཉིས་པ་ནི། ཀླུ་སྒྲུབ་ཀྱིས་ཐལ་རང་གི་སྲོལ་འབྱེད། བུདདྷ་པ་ལི་ཏ་སྟེ་སངས་རྒྱས་བསྐྱངས་དང་། བཻ་བྱ་ཀ་ར་སྟེ་ལེགས་ལྡན་བྱེད་རྣམས་ལ་དངོས་སུ་བཤད། དེ་གཉིས་ཀ་ལ་ཟླ་གྲགས་ཀྱིས་ཐོས་སོ།
གསུམ་པ་ནི། ཟླ་གྲགས་ཀྱིས་ཀླུ་སྒྲུབ་ལ་དངོས་སུ་ཐུག་སྟེ། དེ་ཡང་རྒྱ་གར་གྱི་པན་གྲུབ་ཧ་སུ་མ་ཏིའི་ཞལ་ནས་ཟླ་གྲགས་ཀྱིས་ཀླུ་སྒྲུབ་ལོ་བརྒྱ་ཕྱེད་བསྟེན་ཟེར་རོ། དེ་ལྟར་ན་ཉེ་བརྒྱུད་ལ། ཀླུ་སྒྲུབ་ཟླ་གྲགས་དེས་ལོ་བཞི་བརྒྱ་བཞུགས། དེ་ལ་རིགས་པའི་ཁུ་བྱུག་གིས་ཐུག་ལོ་སུམ་བརྒྱ་བཞུགས། དེ་ལ་ས་ར་ཧ་ཏེ། ཧ་སུ་མ་ཏི། ཀ་ན་ཀ་ཝརྨ་གསུམ་གྱིས་ཐུག་ཅིང་། དེ་གསུམ་ཀ་ལ་པ་ཚབ་ཀྱིས་ཞུས་སོ།
པ་ཚབ་ཀྱི་སློབ་མ། གཙང་པ་ས། རྨ་བྱ་བྱང་ཡེ། ཞང་ཐང་ཟག་མོ་ས་དང་གསུམ།
དེས་ན་པ་ཚབ་བུ་བཞིའི་ནང་ཚན་ནི། རྨ་བྱ་བྱང་ཡེ་དག་པ་འདྲ་བསམ། རྨ་བྱ་བྱང་བརྩོན་ཨིན་བྱང་ཡེའི་སློབ་མར་སྣང་ངོ། མཆན་ནོ།
ཡོལ་ལྕགས་རྨ་བྱ་བྱང་བརྩོན་ཀྱིས། རྨ་བྱ་བྱང་ཡེ། ཞང་ཐང་ཟག། གཙང་པ་སའི་སློབ་མ་གངས་མཉན་དང་གསུམ་ལ་དབུ་མ་བསྟེན།
ཡང་པནྜི་ཏ་སུ་མ་ཏིའི་སློབ་མ་ཛ་ཡ་ཨཱ་ནནཏ། དེས་ཁུ་ལོ་ཙཱ་བ་མདོ་སྡེ་འབར་ལ། དབུ་མ་ཐལ་འགྱུར་ལུགས་བཤད། དེས་གཙང་ནག་པ་བརྩོན་འགྲུས་སེང་གེ་ལ། དེས་རྨ་བྱ་བྱང་བརྩོན་ལ་བཤད་པས། རྨ་བྱ་བྱང་བརྩོན་ནི། པ་ཚབ་ལུགས་དང་། ཁུ་ལུགས་ཀྱི་དབུ་མ་ཐལ་འགྱུར་བའི་གནད་ལ་