[A:༡༡༩] བ་གང་རུང་ཞིག་ལས་མ་འདས་པར་ཁས་བླངས་བར་བྱ་སྟེ། ཆོས་ཀྱི་རྗེས་སུ་འབྲང་བའི་རྣམ་དཔྱོད་ཀྱིས་དཔྱད་པ་ལས་དེ་ཁོ་ན་ལྟར་མཐོང་བའི་ཕྱིར་རོ།
པ་ཚབ་ཀྱི་བུ་བཞི་ལ་ཡང་། དེབ་སྔོན་ལས་གཙང་པ་ས་སྦོས། རྨ་བྱ་བྱང་ཡེ། དར་ཡོན་ཏན་གྲགས། ཞང་ཐང་ཟག་པ་ཡེ་ཤེས་འབྱུང་གནས་དང་བཞི་ཞེས་བཤད། མི་མཐུན་པ་དེ་དག་ལས་རྨ་བྱ་བྱང་བརྩོན་ནི། རྨ་བྱ་བྱང་ཡེ་དང་། ཞང་ཐང་ཟག་པ་སོགས་ཀྱི་སློབ་མར་སྣང་ཞིང་། པ་ཚབ་ལའང་འདུས་པ་དབུ་མ་གཉིས་གསན་ཟེར་མོད། བུ་བཞིའི་ནང་ཚན་ནི་རྨ་བྱ་བྱང་ཡེ་ས་སྦོམ་ཞེས་དང་། གངས་པ་ཤེའུ་དང་། གངས་པ་གཉན་སོགས་ཇི་ལྟར་ཡིན་ཁོ་བོས་མ་འཚལ་ལོ།
ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་ནི། ལོ་ཆེན་འདིའི་སྐུ་ཚེའི་སྨད་ཙམ་ལ་དར་བར་སེམས་ཏེ། ཁོང་སྟག་ལོ་པ་ཡིན་ཞེས་པ་ཙམ་ཞིག་ལས་གསལ་བར་མི་སྣང་ཡང་། ཁོང་གིས་འཕགས་ཡུལ་དུ་ལན་བདུན་ཙམ་ཞིག་རིས་སུ་ཕེབས་པ་མཇལ་ཞེས་དང་། ཁོང་ལ་འཕགས་ཡུལ་དུ་རྡོ་རྗེ་གདན་པས་མིང་སྤོད་(སྤོས) དང་དབུ་སྐྲ་གཅོད་པ་སོགས་རབ་བྱུང་དུ་སྒྲུབ་པར་བརྩམས་ཀྱང་། མཁའ་འབྲོས་མ་གནང་བ་ལ། ཕྱིས་གླང་རི་ཐར་(ཐང) པ་སྣང་བ་མཐའ་ཡས་སུ་གཟིགས་ནས་བསྙེན་པར་རྫོགས་ཞེས་དང་། ཁོང་གིས་ལོ་བརྒྱ་དང་ལྔ་བཅུ་བཞུགས་ཟེར་བ་རྣམས་རྣམ་ཐར་ན་གསལ་བས་དེ་དག་ཁོག་སྒྲིགས་ནས། ཁོང་གིས་ཤངས་གཞོན་གྱི་དགོན་པ་བཏབ་སྟེ། ནི་