R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༣༨
[A:༡༣༨]ཉང་རེ་སེ་བོ། ཀུན་ལྡན་གཙང་པ་རས་ཆུང་བཞི་ལ་གདམས་པའི་བུ་བཞི་ཟེར། འབྲི་ཁུང་སྐྱུ་ར་རིན་ཆེན་དཔལ། ཆོས་རྗེ་ལྟ་བུམ་པ། ཆོས་རྗེ་རྒྱལ་ཚ། བན་དྷ་ཕུག་པ་བཞི་ལ་རོ་གཅིག་རྟོགས་པ་ཕྱེད་དང་བཞི་ཟེར་ཏེ། བནྡྷ་ཕུག་པ་ཇོ་མོ་ཡོད་པས་ཕྱེད་ཟེར་རོ། དེ་སོགས་མང་དུ་ཡོད་ཀྱང་གཙོ་བོ་བསྡུས་ན། གླིང་རས་འབྲི་སྟག་གཉིས། ཁྲོ་ཕུ་བ་ཀུན་ལྡན། གཙང་པ་རས་ཆུང་དང་བཞིར་འདུས་སོ། དུས་གསུམ་མཁྱེན་པའམ་དབུ་སེ་ནི། བཅུ་དྲུག་ལོན་པའི་ཚེ། རྔོག་ལོའི་སློབ་མ་བྲེ་བོ་མཆོག་གི་བླ་མ་དང་། ཆག་སེང་གེ་གྲགས་ལས་རབ་ཏུ་བྱུང་། མཚན་དཔལ་ཆོས་ཀྱི་གྲགས་པ་ཟེར། ལོ་ཉི་ཤུ་པ་ལ་དབུས་སྟོད་ལུང་སེ་ཐང་དུ་བྱོན། རྒྱ་དམར་དང་ཆ་པ་ལས་དབུ་ཚད། ཤ་ར་བ་ལས་བཀའ་གདམས། པ་ཚབ་ལས་རིགས་ཚོགས། ས་སྐྱ་པའི་ཐུགས་སྲས་གཤེན་རྡོར་བཟང་ལས་ལམ་འབྲས། སྒ་ལོ་དང་ཨ་སེང་ལ་སྦྱོར་དྲུག་སོགས་གསན། མལ་འདུལ་འཛིན་ལ་བསྙེན་པར་རྫོགས། ལོ་གསུམ་པ་ལ་དྭགས་པོའི་སྲས་སུ་གྱུར། ལོ་བརྒྱད་ཅུ་རྩ་བཞི་པ་ལ་གཤེགས་སོ། དེའི་སློབ་མ་ནི། བརྒྱུད་འཛིན་གྱི་བཀའ་བབས་འགྲོ་མགོན་རས་ཆེན། འགྲོ་དོན་གྱི་བཀའ་བབས་གྲྭ་པ་བཀའ་གདམས་པ། རྟོགས་པའི་བཀའ་བབས་དབྲ་སྒོམ་པ་ཆོས་བརྩོན། རྫུ་འཕྲུལ་བཀའ་བབས་ཏེ་ཆུང་སངས་རྒྱས་དང་བཞིའོ། སུམ་སྟོང་ཉིས་བརྒྱ་དང་ང་ལྔ་འདས་པའི་ང་དྲུག་པ་ཆུ་མོ་ཡོས་
སྤྱི་ལོ་༡༡༢༣
ལ་སྐྱེ་མེད་ཞང་བརྩོན་འགྲུས་གྲགས་པ་བྱོན། དྭགས་པོ་སྒོམ་ཚུལ་དང་། སྒ་ལོ་སོགས་བསྟེན། ཚལ་དང་གུང་ཐང་སོགས་བཏབ། དོན་