[A:༡༤༠]ཕག་གྲུ་པ་ལ་ལོ་དྲུག་བསྟེན། སོ་དགུ་པ་ལྕགས་ཕོ་བྱི་ལོ་ལ་སྟག་ལུང་དུ་ཕེབས། ཚོགས་པ་སྟོང་ཕྲག་འདུས། རང་ལོ་རེ་དགུ་པ་རྟ་ལོ་མགོ་ཟླའི་ཚེས་བཅུ་དགུ་ལ་གཤེགས་སོ།
འབྲི་གུང་པ་ཆེན་པོ་ནི། ཁམས་ཀྱི་ལྡན་མར་ཆུ་མོ་ཕག་
སྤྱི་ལོ་༡༡༤༣
ལ་བྱོན་པས། སྟག་ལུང་པ་ལས་ལོ་གཅིག་གིས་གཞོན། སོ་ལྔ་པ་ལ་ཞང་སུམ་ཐོག་པ་ཀྱེ་པོ་ཡེ་རྡོར་ལས་བསྙེན་པར་རྫོགས། སྐུ་གཞོན་ནུ་ནས་ཕག་གྲུ་པ་བསྟེན། གདན་ས་ལོ་གསུམ་མཛད་དེ་གཞན་དོན་ཆེར་མ་བྱུང་། ཕྱིས་སོ་བདུན་པ་ལ་འབྲི་ཁུང་དུ་ཕེབས། ཚོགས་པ་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ཉེར་ལྔ་འདུས། འདི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སྐྱེ་བར་གྲགས་ཏེ། སིང་ག་གླིང་གི་དགྲ་བཅོམ་པ་ཞིག་གིས། ཁ་ཆེ་པན་ཆེན་གྱི་གཅུང་པོ་ལ་མེ་ཏོག་བཞི་བསྐུར་ཏེ། གཅིག་འབྲི་ཞེས་བྱ་བའི་དགོན་པ་ན་སློབ་དཔོན་ཀླུ་སྒྲུབ་བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་དུ་སྐྱེ་བ་གླངས་ཡོད་པ་དེ་ལ་ཕུལ། གཅིག་རཏྣ་ཀུ་བཞིའི་གཙུག་ལག་ཁང་ན་བྱང་ཆུབ་སེམས་དཔའ་སྐལ་ལྡན་ཤིང་རྟ་ཡོད་པས་དེ་ལ་ཕུལ། གཅིག་རྭི་བྷ་བ་ཞིག་ཡོད་པ་དེ་ལ་ཕུལ། ཡང་མེ་ཏོག་གཅིག་ས་པན་དང་མཇལ་ཚེ་ཁ་ཕྱེའོ་ཞེས་པའི་གཏམ་ཡང་སྣང་ངོ།
གཅིག་དེས་ལྷ་ཆེན་པོ་ཞིག་བཞེངས་པ་འདུག་པས་དེའི་ཐུགས་ཀར་ཞོག་ཅེས་བཤད་པ་དང་། ཡང་ཁ་ཆེ་པན་ཆེན་ཀླས་མོ་ཆེར་བཞུགས་པའི་ཚེ་འབྲི་ཁུང་པའི་ཁམས་བཙུན་ཞིག་གིས། པན་ཆེན་ལ་ཆོས་གོས་སླང་ཞེས་སྐུ་ཆོས་ལ་འཇུས། ཉེ་གནས་ཀྱི་ཁོ་བརྡབས་ཏེ་སྣ་ཁྲག་བྱུང་བས། པན་ཆེན་ཐུགས་དམ་གྱི་ཚེ་སྒྲོལ་མ་བྱོན་པ་ལ་ཞག་བདུན་དུ་མ་བྱོན་ཏེ། ཁྱོད་དཔོན་སློབ་ཀྱིས་ཀླུ་སྒྲུབ་ཀྱི་སློབ་མ་ལ་སྡིག་བསགས་ཉེས་པ་དེ་སྦྱང་བ་ལ་རབ་བྱུང་གཞན་ལ་རང་གི་ལོ་གྲངས་ཀྱི་ཆོས་གོས་བྱིན་ཅིག་ཅེས་སོགས་