R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༤༢
[A:༡༤༢]ཡོན་ཏན་མེ་མོ་ལུག་ལོ་པ་སྟེ་ས་ཆེན་ལས་ལོ་ལྔས་གཞོན། བསོད་རྩེ་ལས་བཅོ་ལྔས་བགྲེས། རྗེ་སྒམ་པོ་པ་ནི་ཤ་ར་བ་ལས་ལོ་བརྒྱད་དང་། བྱ་ཡུལ་བ་ལས་ལོ་བཞིས་གཞོན། གླིང་རས་ས་ཆེན་ལས་ལོ་དྲུག་གིས་གཞོན། གཞན་ཡང་། ཆ་པའི་སེང་ཆེན་བརྒྱད། གཉལ་ཞིག་བུ་དགུ། པ་ཚབ་བུ་བཞི་སོགས་ས་ཆེན་ཡབ་སྲས་གསུམ་དང་ཅི་རིགས་པར་ཐོག་མཚུངས་པ་ལགས་སོ། སུམ་སྟོང་ཉིས་བརྒྱ་དང་སོ་གསུམ་འདས་པའི་སོ་བཞི་པ་ལྕགས་མོ་སྦྲུལ་
སྤྱི་ལོ་༡༡༠༡
ལ། གླིང་གི་ཐུགས་སྲས་གཙང་པ་རྒྱལ་སྲས་(རྒྱ་རས) ཉང་སྟོད་དུ་བྱོན། འདི་རྗེ་བཙུན་གྲགས་པ་ལས་བཅུ་བཞིས་གཞོན། འབྲུག་ར་ལུང་གི་དགོན་པ་བཏབ། འབྲུག་པ་ཞེས་ཡོངས་སུ་གྲགས་ཤིང་། ནཱ་རོ་པའི་སྤྲུལ་པར་བྱེད།
འདི་ལ་སློབ་མའི་མཆོག། དབོན་སྲས་དང་ཆོས་སྲས་གཉིས། དང་པོ་ནི། དབོན་སྲས་དར་མ་སེང་གེ་སོགས་སོ། གཉིས་པ་ལ་དང་པོར་ཆེ་བ་སྤ་རྐྱང་གཉིས། བར་དུ་ཆེ་བ་བརྒྱ་འབྲས་གཉིས། ཐ་མར་ཆེ་བ་ལོ་རྒོད་གཉིས་སོགས་ཡོད་པ་ལས། དང་པོ་ནི། སྤ་རི་བ་དང་རྐྱང་མོ་ཁ་པ་གཉིས། གཉིས་པ་ནི་བརྒྱ་ལེགས་པ་དང་འབྲས་མོ་བ་གཉིས། གསུམ་པ་ནི་ལོ་རས་པ་དང་རྒོད་ཚང་པ་གཉིས་སོ། དེ་ཡང་ལོ་ནས་མཆེད་པ་ལ་སྨད་འབྲུག་དང་། རྒོད་ཚང་པ་ནས་མཆེད་པ་ལ་སྟོད་འབྲུག་དང་། དབོན་སྲས་སོགས་ཀྱིས་སྐྱོང་བ་ལ་བར་འབྲུག་ཅེས་གྲགས་སོ། གཞན་ཡང་སྐུའི་སྤྲུལ་པ་དམ་པ་ས་སྐོར་བ། གསུང་གི་སྤྲུལ་པ་དམ་པ་གཏེར་ཁུང་པ། ཐུགས་ཀྱི་སྤྲུལ་པ་དམ་པ་ཀོ་བྲག་པ། འཕྲིན་ལས་སྤྲུལ་