[A:༡༤༤] འདི་ཉིད་ས་ཆེན་གྱི་དངོས་སློབ་དུ་འདོད།
འགའ་ཞིག། ས་ཆེན་གྱི་དངོས་སློབ་རྒྱལ་ཚ་ཏ་ལ་ཕུག་པ་ཡིན་ལ། དེ་དང་མ་གཅིག་རི་མའི་དངོས་སློབ་གཅེས་སྒོམ་རྫོང་པ་ཡིན་ཟེར།
འགའ་ཞིག་འདི་འཁྲུངས་ཡུལ་ཁམས་པ་ཡིན་ལ། ཉི་གཞུག་བྲག་ཏུ་ལྟ་བ་ནམ་མཁའ་དང་མཉམ་པའི་དོན་སྐྱོང་བའི་མཁའ་སྐྱོང་བྲག་པ་དང་། རྟག་ནག་ག་གའི་རྫོང་ལ་སྒོམ་པས་གཅེས་སྒོམ་རྫོང་པར་ཡང་གྲགས་ཟེར།
བདག་གི་བླ་མ་ནི། གཅེས་སྒོམ་འདི་ལ་རྟ་ནག་གཅེས་སྒོམ་དང་། ཁ་རག་གཅེས་སྒོམ་སོགས་ཡོད་པའི། མན་ངག་རིན་སྤུངས་གསུང་བ་པོ་ནི་རྟ་ནག་གཅེས་སྒོམ་ཡིན་གསུང་ངོ།
གང་ལྟར་ནའང་ཁྲོ་ལོས། རྗེ་མི་ཏྲ། པན་ཆེན་བུདྡྷ་ཤྲཱི། ཤཱཀྱ་ཤྲཱི་གསུམ་རིམ་པས་སྤྱན་དྲངས། བྱམས་ཆེན་བཞེངས་པ་སོགས་བསྟན་པའི་བྱ་བ་མཐའ་ཡས་པ་མཛད་དོ། འདི་དང་རྗེ་ས་པན་རྩོད་པ་མཛད་པའི་རྩོད་ཡིག་ཀྱང་ཡོད་དོ།
སུམ་སྟོང་སུམ་བརྒྱ་དང་བཅུ་བཞི་སོང་བའི་བཅོ་ལྔ་པ་ཆུ་ཕོ་སྟག་
སྤྱི་ལོ་༡༡༨༢
ལ་གངས་ཅན་མཁས་པའི་གཙུག་རྒྱན་ས་སྐྱ་པནྜི་ཏ་བྱོན། ཆུ་སྟག་དེ་ནས་སུམ་བརྒྱ་དང་དགུ་བཅུ་རྩ་གསུམ་ལོན་པའི་ལོ་ནི་ད་ལྟའི་ཤིང་བྱི་འདི་ཡིན་ལ། དེས་ན་ཕྱི་དར་ས་མོ་བྱ་ནས་ཉིས་བརྒྱ་དང་སོ་གསུམ་སོང་ཟིན་པའི་སོ་བཞིའམ། རྔོག་ལོ་ཙཱ་བ་བྱོན་པའི་མེ་མོ་བྱ་ནས་བརྒྱ་དང་ཉེར་ལྔ་འདས་པའི་ཉེར་དྲུག་པའམ། ས་ཆེན་ཀུན་སྙིང་བྱོན་པའི་ས་ཕོ་སྤྲེལ་ལོ་ནས་དགུ་བཅུ་འདས་པའི་གོ་གཅིག་པ་ཆུ་ཕོ་སྟག་ལ་ས་པནྜི་ཏ་བསྟན་པའི་ཉི་མ་ཤར་བ་ཡིན་ནོ།
པན་ཆེན་འདི་ཉིད་བཙས་མ་ཐག་ཏུ་སམསྐྲི་ཏའི་གསུང་དབྱངས་སྙན་པར་