[A:༡༥༠]
ཉན་ཆེན་བསོད་ནམས་བརྟན་པ་ལ་སྟོད་བྱང་མདོག་རྗེ་རོང་དབྱིག་མཁར་དུ་ཆུ་ཕོ་རྟ་ལ་བྱོན། ཚོགས་སྒོམ་པ་ལོ་བཅུ་གསུམ་བསྟེན། ལོ་གོ་དྲུག་བཞུགས།
ཚོགས་སྒོམ་པ་ལས་ལོ་བཅུ་གཉིས་ཀྱིས་གཞོན་ནོ། ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ་ལྷོ་ཕ་དྲུག་པ་ཡིན། སྐུ་ཤིན་ཏུ་བགྲེས་པ་ནས་བྱང་ངོས་སུ་བརྡ་དོན་གསལ་བའི་ཐོ་སྒྲིག་ཞུ་བ་ལ་བྱོན། དམར་ཆོས་རྒྱལ། པུ་རངས་ལོ་ཆུང་གི་དངོས་སློབ་དམར་ཆོས་རྒྱལ་མཚན་གྱི་དབོན་རྒྱུད་ཡིན། ཆོས་རྗེ་པ་ལོ་བརྒྱད་བསྟེན།
ཤར་ནུབ་གུང་གསུམ་གྱི། ཤར་པ་ཤེས་རབ་འབྱུང་གནས་དང་། ཤར་པ་རྡོ་རྗེ་འོད་ཟེར་ཏེ་སྐུ་མཆེད་གཉིས། ནུབ་པ་འུ་ཡུག་པ་རིགས་པའི་སེང་གེ། དེའི་དབོན་པོ་ཉི་ཐོགས་པ་སངས་རྒྱས་ཀུན་སྨོན།
དེའི་ཀ་ཆེན་ཁང་གཉན་ཞང་གསུམ་ཟུར་ཁང་པ་དང་བཞིར་གྲགས་པའི་ཁང་སྟོན་འོད་ཟེར་རྒྱལ་མཚན། གཉན་དར་མ་སེང་གེ། ཞང་མདོ་སྡེ་དཔལ། ཟུར་ཁང་པ་དཀར་ཤཀྱ་གྲགས། གུང་པ་ལ་སྐྱོ་སྟོན་དྲི་མེད་དེ། དེ་ཐམས་ཅད་ས་པན་གྱི་དངོས་སློབ་ཡིན་ནོ། དཀར་ཤཱཀ་ནི་གཙོ་བོར་གྲགས་པ་ཡིན་ནོ།
སྡོམ་ཕྲུག་བགྲེས་པ་བཅུ་གསུམ་ནི། ཚོགས་སྒོམ་ཀུན་དགའ་དཔལ་བཟང་པོ། རིན་ཆེན་སྐྱོབ་པ་དཔལ་བཟང་པོ། ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ་བཟང་པོ། ཞང་རྒྱལ་བ་དཔལ་བཟང་པོ། ཞང་མདོ་སྡེ་དཔལ་བཟང་པོ། ཕྱི་རུ་བ་སེང་གེ་དཔལ་བཟང་པོ། གྲུབ་སྙིང་པོ་རྡོ་རྗེ་དཔལ་བཟང་པོ། ལྡོང་སྟོན་ཤེས་རབ་དཔལ་བཟང་པོ། ཇོ་གདན་བྱང་ཆུབ་དཔལ་བཟང་པོ།