R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༧༦
[A:༡༧༦] ལས་རབ་ཏུ་བྱུང་། མདོག་སྟོད་དུ་མཁན་ཆེན་ཀུན་རྒྱལ་ལས་འདུལ་བ། མུས་ཆེན་རྒྱལ་མཚན་དཔལ་དང་། སློབ་དཔོན་ཤེས་རབ་རལ་གྲི་སོགས་ལས་མདོ་ཕྱོགས་གསན། བཅུ་དགུ་པ་ལ་མཁན་ཆེན་ཆུ་བཟང་པ་དང་། སློབ་དཔོན་འོད་ཟེར་རྩེ་མོ་ལས་བསྙེན་པར་རྫོགས། བཤོལ་གྱིས་ཁ་བསྐང་བ་སོགས་ནས་ཉི་ཤུར་སླེབ་ཟིན་པ་ལས་མ་འདས། ཉན་ཆེན་པ་ལས་ལམ་འབྲས་སོགས་གསན། གཡའ་གདུང་རིངས་སུ་བསམ་གཏན་ལ་བཞུགས་པའི་ཚེ། སྦྱིན་བདག་རྣམས་ཀྱིས་གཉག་ཕུ་བཏབ། སྦྱིན་བདག་དང་གཞི་བདག་མཆེད་གསུམ་དང་བཅས་པས་གཉག་ཕུ་ཕུལ། བཤད་སྒྲུབ་ཀྱི་འཕྲིན་ལས་མཆོག་ཏུ་རྒྱས། མཐར་ཕག་ལོ་ཟླ་བ་བཅུ་པའི་ཚེས་ཉི་ཤུ་ལ་གཤེགས་སོ། འདི་ཀརྨ་རང་བྱུང་རྡོ་རྗེ་ལས་ལོ་ལྔས་གཞོན་ཞིང་། བུ་སྟོན་ལས་གཅིག་གིས་བགྲེས་སོ། སུམ་སྟོང་བཞི་བརྒྱ་དང་ཉེར་གཉིས་འདས་པའི་ཉེར་གསུམ་པ་ལྕགས་ཕོ་སྟག་
སྤྱི་ལོ་༡༢༩༠
ལ། ཞ་ལུ་བུ་སྟོན་རིན་ཆེན་གྲུབ་ཤབ་སྨད་སྒོམ་གནས་སུ་བྱོན། དཔང་ལོ་ལས་ལོ་བཅུ་བཞིས་གཞོན། ཀུན་མཁྱེན་དོལ་བུ་ལས་ལོ་གཉིས་ཀྱིས་བགྲེས། རྒྱལ་སྲས་ཐོགས་མེད་ལས་ལྔས་བགྲེས་སོ། ལོ་བདུན་པ་ལ་ཁྲོ་ཕུ་རིན་པོ་ཆེ་སེམས་དཔའ་ཆེན་པོ་བསོད་ནམས་སེང་གེའི་དྲུང་དུ་སེམས་བསྐྱེད་དང་བརྒྱད་པ་ལ་སྨིན་བྱེད་ཀྱི་དབང་ཟབ་མོ་ནོད། ཁྲོ་ཕུ་སེམས་དཔའ་ཆེན་པོ་དེ་ནི། ཁ་རག་སྒོམ་ཆུང་པའི་བར་སྲིད་གཞན་དོན་དུ་སྐྱེ་བ་ཚོལ་བ་ན། ཁྲོ་ལོས་དག་པའི་སྤྱན་རས་ཀྱིས་གཟིགས་ཏེ། རིགས་ཀྱི་སྲས་སུ་བསྐྲུན་པ་ཡིན་ཟེར། བཅོ་བརྒྱད་ལོན་པའི་ཚེ་མཁན་པོ་རིན་པོ་ཆེ་སེང་གེ་དཔལ་དང་སློབ་དཔོན་ཚད་མའི་སྐྱེས་བུ་ལས་རབ་ཏུ་བྱུང་། མཁས་མཆོག་ཚད་མའི་སྐྱེས་བུ། རིགས་པའི་ཐིགས་པ། བསོད་ནམས་མགོན་པོ་ཞེས་མཚན་གསུམ་དང་ལྡན་པ་