[A:༡༨༥]མཚན་དང་། ལས་ཀྱི་སློབ་དཔོན་དཔང་ལོ་དང་གསང་སྟོན་ཆོས་རྗེ་བླ་མ། གྲིབ་ཚོད་མཁན་ཆེན་བསོད་ནམས་བཟང་པོས་བགྱིས་ཏེ། བསྙེན་པར་རྫོགས། སྤྲེལ་ལོར་ས་སྐྱར་བཤད་གསར་དང་། གཞན་ཡང་ཞྭ་ལུ་སོགས་སུ་གྲ་སྐོར་མཛད།
ཡོངས་ཀྱི་བཤེས་གཉེན་ཆེན་པོ་ཆོས་རྗེ་བླ་མ་སྐུ་མཆེད། དཔང་ལོ། རྒྱལ་སྲས་པ། བུ་དོལ་གཉིས། གངས་ཁྲོད་པ་གྲགས་པ་དཔལ། མ་ཏི་པན་ཆེན། མཆིམས་བློ་བཟང་གྲགས་པ་སོགས་ལ་མདོ་རྒྱུད་ཀྱི་གསན་སྦྱངས་མཐར་ཕྱིན། འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་རིན་པོ་ཆེ་གསལ་བར་མཛད་དེ། དོན་བརྒྱད་པ་རྟ་ཟླའི་ཚེས་ཉེར་གཅིག་ལ་གཤེགས་སོ།
སློབ་མའི་མཆོག་ཉིད་ཀྱི་དབོན་པོ་ལོ་ཆེན་གྲགས་པ་དང་། སྒྲ་པ་ནམ་མཁའ་བཟང་པོ་སོགས་སོ།
སུམ་སྟོང་བཞི་བརྒྱ་དང་སོ་བདུན་(བརྒྱད) འདས་པའི་སོ་བརྒྱད་(དགུ) པ་མེ་ཕོ་རྟ་
སྤྱི་ལོ་༡༣༠༦
ལ་རིག་པ་འཛིན་པ་གཟུངས་ཀྱི་དཔལ་བ་མདོག་གད་གླེར་(སླེར) བྱོན། གུང་ལོ་བརྒྱད་ཅུ་རྩ་བཞི་བཞུགས། བྱང་རྩེ་ལས་ལོ་གསུམ་གྱིས་གཞོན།
སུམ་སྟོང་བཞི་བརྒྱ་དང་ཞེ་གཉིས་འདས་པའི་ཞེ་གསུམ་པ་ལྕགས་ཕོ་ཀྱི་སྤྱི་ལོ་༡༣༡༠
ལོར་འཇམ་དབྱངས་དོན་ཡོད་རྒྱལ་མཚན་བྱོན། འདི་ཉིད་བཟང་པོ་དཔལ་གྱི་སྲས་རྣམས་བླ་བྲང་གོ་བཞིར་གྱེས་པའི་བླ་བྲང་རིན་ཆེན་སྒང་པ་ཞེས་གྲགས་པ་དེ་ཡིན་ལ། འདིའི་གཅེན་རིན་ཆེན་སྒང་པ་ཏ་དབེན་ཀུན་ཉི་དང་། དུས་མཆོད་བླ་བྲང་པ་དབང་ཀུན་ལེགས་དང་། ལྷ་ཁང་བླ་བྲང་པ་ཏི་ཤྲི་ཀུན་དགའ་ལེགས་འབྱུང་གསུམ་དགུང་མཉམ་ཡིན་ལ། འདིའི་གཅུང་བླ་མ་དམ་པ་དང་། བཞི་ཐོག་བླ་བྲང་པ་གུ་ཤྲི་ནམ་མཁའ་རྒྱལ་མཚན་གཉིས་དགུང་མཉམ་