R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༨༦
[A:༡༨༦]ཡིན་ཞིང་། བདག་ཉིད་ཆེན་པོའི་སྲས་དགུའི་ཐ་ཆུང་ཡིན་ནོ། དེ་ཡང་འཇམ་དབྱངས་དོན་ཡོད་རྒྱལ་མཚན་ནི། རང་ལོ་ཉེར་གཉིས་པའི་ཚེ། གཅུང་བླ་མ་དམ་པ་དང་གཉིས་བོ་དོང་བྱ་རྒོད་གཤོང་རྙིང་པའི་གཙུག་ལག་ཁང་དུ། ཚོགས་པའི་མཁན་པོ་བསོད་ནམས་གྲགས་པ་དང་། སློབ་དཔོན་དཔལ་ལྡན་སེང་གེ་ལས་བསྙེན་པར་རྫོགས། གདུལ་བྱ་དག་པ་ལ་འཇམ་དབྱངས་སེང་གེའི་ཞབས་པད་བརྟེན་པར་ཡང་མཐོང་། སོ་བཞི་པ་སྤྲེལ་ལོ་ཟླ་བ་ལྔ་པའི་ཚེས་བཅུ་གཅིག་ལ་གཤེགས་སོ། འདི་ཉིད་ལོ་ཆེན་བྱང་རྩེ་ལས་ལོ་བདུན་གྱིས་གཞོན་ཞིང་། རབ་ཏུ་མ་བྱུང་གོང་གི་སྲས་བླ་ཆེན་ཀུན་དགའ་རྒྱལ་མཚན། དེའི་སྲས་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། དེའི་སྲས་བདག་ཆེན་བློ་གྲོས་རྒྱལ་མཚན། དེ་ཉིད་ནི་རྒྱུད་པ་གསུམ་ལྡན་གྱི་གསུང་ངག་རིན་པོ་ཆེའི་བདུད་རྩི་ངོམས་པར་གསོལ་བ། ཁོ་བོ་ཅག་གི་རྒྱུད་པའི་གཙོ་བོར་བྱེད་པ་ཡིན་ནོ། Bla ma dam pa སུམ་སྟོང་བཞི་བརྒྱ་དང་ཞེ་བཞི་འདས་པའི་ཞེ་ལྔ་པ་ཆུ་ཕོ་བྱི་
སྤྱི་ལོ་༡༣༡༢
ལོ་ཆོས་རྗེ་བླ་མ་བསོད་ནམས་རྒྱལ་མཚན་བལྟམས། གཟུངས་པ་ལས་ལོ་དྲུག་གིས་གཞོན། ལོ་གསུམ་པའི་ཚེ་བླ་མ་བཟང་པོ་དཔལ་ལ་འཇམ་དབྱངས་ཀྱི་ལུང་ནོད་ནས་བསྙེན་པ་མཛད་པས་ཐོགས་མེད་ཀྱི་སྤོབས་པ་བརྙེས། བཅུ་གཅིག་པ་ལ་བླ་ཆེན་ཀུན་བློ་བོད་དུ་བསྙེན་རྫོགས་བྱོན་པ་ལ་དགེ་བསྙེན་ཞུས། བཅུ་བདུན་པ་ལ་མཁན་ཆེན་བསོད་གྲགས་ལས་རབ་ཏུ་བྱུང་། ཉི་ཤུ་པ་ལ་བྱ་གཤོངས་རྙིང་པར་བསྙེན་པར་རྫོགས།
ཡོངས་འཛིན་གྱི་དམ་པ་དཔང་ལོབུ་སྟོནལོ་ཆེན་བྱང་རྩེརྒྱལ་སྲས་ཐོགས་མེདདམ་པ་བྲག་ཕུག་པ། བྲག་ཕུག་པ་བསོད་ནམས་དཔལ