R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༨༨
[A:༡༨༨]ཆེན་ཀུན་དགའ་རྒྱལ་མཚནཉ་དབོན་ཀུན་དགའ་དཔལཇོ་ནང་མཁན་ཆེན་བྱང་སེང་། ལོ་ཆེན་བྱང་རྩེལོ་ཆེན་སྐྱབས་མཆོག་དཔལསྤྱན་སྔ་གྲགས་པ་བྱང་ཆུབ་བོ། དེ་དག་ལས་སྔགས་འཆང་གཟུངས་པ་ལས་བཟང་པོ་རྒྱལ་མཚན་དང་། མཁས་པ་དགེ་བཟང་གཉིས་ཀྱི་སྒོ་ནས་གསུང་ངག་རྫོང་ལུགས་ཞེས་གྲགས་པའི་བརྒྱུད་པའི་གཙོ་བོ་ཡིན་ལ། གཉིས་པ་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་ནས། གྲུབ་ཆེན་བུདྡྷ་ཤྲཱི་ལ་བརྒྱུད་དེ་གསུང་ངག་ངོར་ལུགས་ཞེས་གྲགས་པའི་བརྒྱུད་པའི་གཙོ་བོ་མཛད་པ་ཡིན་ནོ། དེ་ནས་བརྒྱུད་པ་གསུམ་པ་བཞི་པ་ལྔ་པ་གསུམ་ནི། ཁོ་བོ་ཅག་གི་བརྒྱུད་པའི་གཙོ་བོ་བདག་ཆེན་བློ་གྲོས་རྒྱལ་མཚན་ལ་ཡང་བཞུགས་པ་ཡིན་ཏེ། ཆོས་རྗེ་བླ་མབླ་ཆེན་ཀུན་རྒྱལའཇམ་དབྱངས་ནམ་མཁའ་རྒྱལ་མཚནབདག་ཆེན་བློ་གྲོས་པ་ཞེས་དང་། ཆོས་རྗེ་བླ་མཉ་དབོན་ཀུན་དགའ་དཔལརྩེ་ཆེན་པ་ཀུན་བློའཇམ་དབྱངས་དཀོན་མཆོག་བཟང་པོབདག་ཆེན་བློ་གྲོས་པ་ཞེས་དང་། ཆོས་རྗེ་བླ་མམཁན་ཆེན་བྱང་སེང་། ཐེག་ཆེན་ཆོས་རྗེའཇམ་དབྱངས་ནམ་མཁའ་རྒྱལ་མཚནབདག་ཆེན་བློ་གྲོས་པ་ཞེས་བརྒྱུད་པ་ཡིན་ལ། དེ་ཉིད་ལས་རྡོ་རིང་ཀུན་སྤངས་པཡོངས་འཛིན་བློ་གསལ་རྒྱ་མཚོ། ཁོ་བོ་ཅག་གི་འདྲེན་པ་དམ་པ་དེ་ཉིད་ལ་བཀའ་བབས་པས་སོ། དྲུག་པ་ལོ་ཆེན་བྱང་རྩེ་ལས། ལོ་ཆེན་གྲགས་པ། དེས་པན་ཆེན་ཕྱོགས་ལས་རྣམ་རྒྱལ་ཞེས་བོ་དོང་པ་དག་གི་རྒྱུད་པའི་གཙོ་བོ་མཛད་པ་ཡིན་ནོ། བརྒྱུད་པ་བདུན་པ་ནི་ལོ་ཆེན་སྐྱབས་མཆོག་ནས། ཤངས་ཆོས་འཁོར་