R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A):
[A:༨] ལ་འདས་པར་བཤད་པའི་མདོ་ཐ་དད་པ་གཉིས་འདུག་ཅིང་། མཁས་པའི་བཞེད་པ་ཡང་མི་མཐུན་པ་དེ་བཞིན་ཡོད་མོད། ཆོས་ལ་འཇུག་པའི་སྒོ་ལྟར་ན། སྨིན་དྲུག་ཟླ་བའི་ཚེས་བརྒྱད་ལ་ངོས་བཟུང་བར་སྣང་སྟེ། མེ་མོ་ཕག་གི་ལོ་རྫོགས་ནས་ས་ཕོ་བྱི་བའི་འགོ་བརྩམ་པའི་ཚེ་མྱ་ངན་ལས་འདས་སོ་ཞེས། ཆོས་ལ་འཇུག་པར་བཤད་པ་གང་དག་གི། དེ་ཉིད་སྨིན་དྲུག་ཟླ་བ་ལ་འབྱོར་གྱི། ས་ག་ཟླ་བ་ལ་འབྲེལ་མེད་པའི་ཕྱིར་རོ། དེས་ན་སྟོན་པ་འདས་པའི་མེ་མོ་ཕག་གི་ཕྱི་དེའི་ལོ་ས་ཕོ་བྱི་བ་ནས་སུམ་སྟོང་སུམ་བརྒྱ་ལོན་པའི་ཚེ་ཆོས་ལ་འཇུག་པའི་སྒོ་བརྩམ་པ་ཡིན་ལ། དེའི་འཕྲོ་མཐུད་ནས་རྩིས་པ་ན། འདས་ལོའི་ས་ཕོ་བྱི་བ་ནས་སུམ་སྟོང་དྲུག་བརྒྱ་དགུ་བཅུ་རྩ་དྲུག་འདས་པའི་རྩ་བདུན་པ་
སྤྱི་ལོའི་སྔོན་གྱི་ལོ་༢༡༣༣
ནི། ད་ལྟའི་ཤིང་ཕོ་བྱི་ལོ་འདི་ཡིན་ནོ། ཞེས་བྱ་བ་འདི་ནི་དཔལ་ལྡན་ས་སྐྱ་པའི་ལུགས་སོ།
གཉིས་པ་ཇོ་བོ་རྗེས་འབྲངས་དང་བཅས་པའི་ལུགས་ལ། སྟོན་པ་ས་ཕོ་བྱི་བ་ལ་ལྷུམས་སུ་ཞུགས། ས་མོ་གླང་ལ་སྐུ་བལྟམས། ས་མོ་ཕག་ལ་སངས་རྒྱས། ས་ཕོ་སྤྲེལ་ལོའི་སྨིན་དྲུག་གི་ཚེས་བརྒྱད་ལ་མྱ་ངན་ལས་འདས་པའི་ཕྱི་དེ་ནས་སུམ་སྟོང་དྲུག་བརྒྱ་གོ་དགུ་འདས་པའི་བདུན་བརྒྱའི་སྟེང་ན་ཤིང་ཕོ་བྱི་ལོ་
སྤྱི་ལོའི་སྔོན་གྱི་ལོ་༢༡༣༦
འདི་ཡོད་དོ་ཞེས་ཤེས་པར་བྱའོ།
གསུམ་པ་ཁ་ཆེ་པན་ཆེན་གྱི་ལུགས་ནི། པན་ཆེན་དེའི་བསྟན་རྩིས་ཀྱི་ཐོག་མ་ནི་མེ་མོ་སྦྲུལ་ནས་བཟུང་བ་ཡིན་པས། མེ་སྦྲུལ་དེ་ནས་ཉིས་སྟོང་བརྒྱ་དང་དྲུག་འདས་པའི་བདུན་པ་
སྤྱི་ལོའི་སྔོན་གྱི་ལོ་༥༤༣
ནི་ཤིང་ཕག་
བྱི
འདི་ཡིན་ནོ།
བཞི་པ་དཔལ་དུས་ཀྱི་འཁོར་ལོའི་ལུགས་ལ། སྟོན་པ་མེ་ཕོ་རྟའི་